| | e-texts navigator
|
8a1 བསམ་གཏན་ཉིད་ན་བསམ་དུ་མེད།། འད་ཤེས་མ་འཇུག་ལྷག་པར་བཞག། སྒོམ་མང་བཞག་པས་ལྷག་མཐོང་བྲལ།། མི་རྟོག་གསལ་བ་དོན་གྱིས་གོ། མཉམ་བཞག་རྗེས་ཐོབ་ཟུང་འཇུག་ལ།། ཞི་གནས་ལྷག
8a2 མཐོང་དཔེར་མེད་དོ།། འོད་གསལ་སྒོམ་པའི་རྣལ་འབྱོར་པས།། རྩ་མདུད་ཙིཏྟ་དངས་མའི་དབུས།། དཀར་དམར་ཁ་སྦྱར་འོད་ཀྱི་སྦུབས།། གཞིའི་རླུད་ལ་ཀུན་གཞི་གནས།། སྲོག་པ་རྩ་ནས་གཞུད་པའི་བར།། གསེར་གྱི་བ་ཐག།
8a3 བརྒྱད་པ་ལ།། ལྟེ་བ་རླུང་དབཔའ་ཁྱིལ་པ་རུ།། དང་ས་མ་གསུམ་དང་རྙིང་མ་གསུམ།། དྲུག་འདས་རྩ་ཡིས་ཕོ་བྲང་དུ།། ཡིས་རླུངོ་ལ་འོད་གསལ་འཆར།། དེ་ལ་ཕྱོགས་ཀྱི་འོད་འདུས་པས།། ཕོ་ཌ་བཞི་མཚམས་དང་བློ་འོག་འགྲུབ།།
8a4 མེ་དེས་གཞའ་མཚོ་ན་ཁ་དོག་ལས།། རིག་ཀྱི་ཁྱབ་པར་མངོན་པར་སྣང་།། ནང་གི་བྲེང་ཐག་ཚོད་ཙམ་ན།། ཕྱི་ཡིས་སྟོབས་རྣམས་ཚོར་བ་ཡིན།། གསང་བའི་ཁཾ་ལྔ་ཞིག་པ་དང་།། དབང་པོའི་སྒོ་ལྔ་འགགས་པའོ།། རྩ་ཡིས
8a5 དད་མ་ཞིག་པ་ཡིས།། ལུས་བཟུངས་བཏན་དང་དབྱར་ནས་འགྲོ། ཁྲག་གི་དངས་མ་ཡལ་བ་རུ།། དབང་པོ་མདོག་བཞིན་ཉམས་པའོ།། དྲོད་ཀྱི་དངས་མ་ཡལ་བ་དང་།། ལུས་ཀྱི་དྲོད་ཀུན་མེད་ནས་འགྲོ།། ལུས་སེམས་བྲལ་བས་རིག་པ
8a6 རྒྱལ་རྒྱལ་བ་སངས་པས་འོད་ལྔ་འཆར།། མ་རྟོ་ཊ་འཁྲུལ་པའི་སྣང་བ་དང་།། རྟོགས་ལྡན་ཡེས་སྣང་བ་ནི།། དེ་ལྟར་འོད་ལ་ངོ་སྤྲད་པས།། སྤྲད་པ་གསུཾ་གྱི་གདམས་ངག་གིས།། དཔེ་དང་དོན་དང་རྟ་ཌ་དང་གསུཾ།། དེས་ན་འོད་གསལ
iiif viewer powered by OpenSeadragon
7b - 8b