| | e-texts navigator
|
7b1 སྒོམ་མེད་རིག་པ་རྒྱུན་མི་འཆད།། དམིགས་མེད་ཡིས་འོད་གསལ་དང་།། སྐྱེ་མེད་རིན་ཆེན་ཏིང་འཛིན་གཏེར།། རེ་ཤིག་མཚོན་པའི་བརྡ་ཙམ་དུ།། གཞུང་ལྟར་དགུག་ཅིང་མདའ་ལྟར་སྲིད།། སྐྱུག་བཞུག་པ་ཡི་བརྒ།
7b2 ཡིས་སུ།། འབྱུང་འཇུག་མི་མངའ་རང་བཞིན་དག། མི་བསམ་རང་བཞིན་ལྷུག་པར་བཞག། མི་གནས་ཚུལ་ལ་འདུག་པ་དང་།། བཞག་མེད་མཉམ་པར་བཞག་པ་དང་།། སྒོམ་མེད་དོན་ལ་གྱི་ན་བ།། ཆོས་ཉིད
7b3 བྱང་ཆུབ་སེམས་བཞག་ན།། དངོས་འཛིན་མེད་པའི་རང་ཤར་དང་།། རིག་པ་དབྱིངས་ལ་རང་བཞག་ན།། ཅི་ཡང་མ་ཡིད་རང་དང་བཞག། རྩོལ་བའི་ནད་བྲལ་སྒོམ་པ་ཡིན།། དེས་ན་སྙིང་པོ་དྲི་མ་མེད།།
7b4 རིག་པ་རྗེན་པ་ཉིད་དུ་སྒོམ།། འོད་གསལ་སེམས་ལ་གནས་གྱུར་ན།། རྣམ་རྟོག་མཚན་མ་རང་བཞིན་ཞི།། བྱ་བ་ཐོགས་པའི་ཡས་ནི།། བསམ་གཏན་ཉལ་བའི་འཁོར་ལོ་བད།། མ་ལུས་བྱང་ཆུབ་ཆེན་པོའི་ངང་།
7b5 དགོངས་པའི་ཀློང་ཆེན་བདེ་བ་འདི།། སྒོམ་མེད་དོན་གྱི་ངོ་བོ་ཡིན།། སྒོམ་མེད་དོན་གྱི་སྙིང་པོ་ནི།། རང་བཞག་སོ་མའི་རིག་པས་ཤེས།། ཆོས་ཉིད་རིག་པའི་རང་བྱུང་ལ།། འགྱུར་མེད་རིག་པའི་མཐའ་སངས
7b6 པས། ཡིད་ལ་མི་བྱེད་སྙིང་པོ་སྣང་།། སྒོམ་དུ་མེད་པར་སྙོམས་ཞུགས་ལ།། བདེ་བ་ཆེན་པོའི་བསམ་གཏན་ཡིན།། སྤྲོས་མེད་ཡིས་རང་གསལ་འདི།། གར་ཡང་བསམ་དུ་མེད་པའི་ངང་།། དྲ་མ་རིག་གསལ་བཱི་ཏིང་\ུ྅
iiif viewer powered by OpenSeadragon
7a - 8a