| | e-texts navigator
|
7a1 ས་གཉིས་པ་བླ་མའི་གདམས་ངག་སྦྱིན།། གསུམ་པ་གདའ་དེ་ན་ངོ་བོ་སྤྲད།། དཀྱིལ་འཁོར་དྲུག་གི་ཡས་ལ།། སྒྲའི་མཐའ་ལ་བཞག་པར་བྱ།། མྱོང་པ་མེད་པའ་རྣམ་པ་ཡིན།། ཚེར་བ་མེད
7a2 པའི་རེག་པའོ།། ཕྱི་རེ་ལ་ཚུལ་བཞིན་ངས་པར་འགྱུར།། མཐའ་མ་དྲན་པསམ་རྒྱ་བ་བྲལ།། བཙལ་མེད་ཡས་རིག་པའི་དང་།། དེས་ན་རང་རིག་ཅོག་གིཞོག། བསམ་མད་རང་དང་ས་རེག་པའི་ངར།། པད་ཆེན།
7a3 མི་རྟོགས་འགྱུ་བ་བྲལ།། ཡིད་ལ་མི་བྱེད་སྣང་བ་དག། རིག་པ་མ་འགག་ཡིས་གསལ།། ཡིས་རང་སྣང་རྒྱལ་བའི་ཐུགས།། འཁོར་བའི་རྣམ་པ་མེད་སེམས་དེ།། བཏང་བཞག་རང་བཞིན་བྱ་བ་བྲལ།། མི་རྩོལ
7a4 མི་སྒྲོ་མ་མེ་དྲད་པའི་ལམ།། སྤྲོ་བསྡུ་མེད་པའི་དགོངས་པར་གནས།། སྣང་བ་རྒྱ་མཚོ་ཆེན་པོ་བཞིན།། བྱེད་རྒོད་སྤྲོས་པ་དང་གིས་དྲག། ཡ་གསལ་ན་མཁའི་རང་བཞིན་ལས།། རང་གསལ་རིག་པ་དྲི་མ་མེད།།
7a5 རང་རིག་ཅིར་ཡང་མི་རྟོགས་པས།། ཅིར་ཡང་མ་ཡིན་དམིགསུ་མེད།། སེམས་ལས་རྣམ་རྟོག་རྒྱུ་བ་བྲལ།། རིག་པ་ཡིས་འཛིན་པ་ཟད།། ཉི་མའི་དཀྱིལ་ལྟར་གསལ་འགྲིབ་མེད།། རང་ཤར་དངོས་པོར་གྲུབ།
7a6 པ་མེད།། ཤེས་པ་རང་ལུགས་སོ་མ་ཉིད།། ཀུན་བཟངས་རྒྱལ་བའི་དགོངས་པའོ།། རང་བྱུང་རྫོགས་སངས་རྒྱས་སུ་གནས།། རང་གསལ་ཡས་དཔལ་བཞུགས།། བཅོས་མེད་འཛིན་བྲལ་སྤྲོས་པ་མེ་ད།།
iiif viewer powered by OpenSeadragon
6b - 7b