| | e-texts navigator
|
6b1 མྱ་ངན་འདས་པའི་རང་བཞིན་ཉིད།། ན་མཁའ་ལྟ་བུར་བདག་མེད་པ།། སྟོང་པ་ཡིས་སྙིང་པོ་ཅན།། ཡོད་མེད་ཐ~ཾད་བྱང་ཆུབ་སེམས།། སྣང་བ་རང་རིག་ཐ་དད་པ།། དོན་དང་རྟོགས་ལ་སོགས་པ་རྣམས།། ད་རྣམ་པ་སྣ་ཚོགས་བག་ཆགས་སྣང་།།
6b2 ཡང་དག་མ་ཡིན་འཁྲུལ་པའི་སེམས།། མ་བཅོས་བརྡལ་བའི་ལྟ་བར་གོ། རྟོགས་པའི་གདེང་གིས་ཆོད་པར་བྱ།། དབང་པོའི་ངོ་ལ་ཤར་བར་བྱ།། ཆོས་ཉིད་བྱང་ཆུབ་སེམས་སུ་མཐོང་།། ཉོན་མོངས་ལྔ་ཡང་ཡས་ལམ།། ཐ~ཾད་བྱང་ཆུབ
6b3 སེམས་ཀྱི་ཞིང་།། སངས་རྒྱས་ཉིད་ལས་གཞན་མི་མངའ།། རྟོགས་ལྡན་མཆོག་གི་ཡིས་སོ།། ཨེ་མ་མ་རྟོགས་སན་ཀུན།། སྣ་ཚོགས་འཁྲུལ་པ་སྙིང་རེ་རྗེ།། ཤེས་པ་སྐྱེ་ལུགས་གསུམ་ཡིན་ཏེ།། སོ་སོར་རྟོགས་པའི་ཤེས་པ་དང་།།
6b4 ཐ་སྙད་བཏགས་པའི་དེ་བཞིན་ཏེ།། ཞེན་པའི་ཤེས་པ་གསུམ་ཡིན་ནོ།། རྟོག་པ་དང་པོ་ཆོད་པ་ཡིས།། གཉིས་པོ་དབྱིང་སུ་ཐིམ་པ་ཡིས།། ཀུན་གཞིའི་རྣམ་ཤེས་ཅི་ཁྱད་དེ།། ཚོགས་བརྒྱད་ཡུལ་དུ་སྨྲས་པ་ཡིན།། མཐོང་བ་སྣ
6b5 ཚོགས་རིག་པའི་ཉམས།། སྣང་སྲིད་བརྡའ་རུ་ཤར་བ་གཅེས་ཅེས་གསུང་སོ།། ཡེ་ཤེས་འོད་ཀྱི་རྒྱུད་ལས་ལྟ་བའི་ལེའུ་སྟེ། བཞི་པའོ།། ། དེ་ནས་སེམས་ལྷག་ལྷ་ཡི་བུས།། ཏིང་འཛིན
6b6 སྒོམ་པའི་བསམ་གཏན་ཞུས།། མངོན་རྫོགས་རྒྱལ་པོས་བཀའ་བ་སྩལ་པ།། འགྱུར་མེད་སེམས་པའི་ཏིང་འཛིན་ནི།། རིག་པ་མཐའ་བྲལ་དཀྱིལ་འཁོར་འདིར།། ཞེན་མེད་ཚུལ་གྱིས་འཇུག་ན་བདེ།། དང་པོ་རང་སེམས་རྒྱུན་ལ
iiif viewer powered by OpenSeadragon
6a - 7a