| | e-texts navigator
|
5b1 ཐུར་དུ་ལྟུང་།། ཡས་རླུང་གིས་གྱེན་དུ་འདྲེན།། རླུང་གི་འཐེམ་པས་ཐོད་བྱེད།། བམ་པོའི་རླུང་ལ་རྟེ་ནས་སུ།། རིག་པའི་རླུང་ནི་ཟིན་གྱུར་ན།། རྟོག་པའི་རླུང་ཆེན་དོན་རྟོགས་སོ།། སེམས་ལ་རིག་པ་རང་གྲོལ་དབང་།། རྟོགས་མེད་མཐོང་པའི་ལམ་དང་ཕྲད།།
5b2 སྒོམ་མེད་དོན་གྱི་གཟེར་ཆེན་ཐེབས།། བགྲོད་མི་དགོ་བའི་རྫིང་ལས་བསྒྲལ།། རྣ་བུ་རྒྱུད་ལུང་གི་གཏེར་ཆེན་གྲོལ།། རེ་དོགས་མེད་པའི་བཙན་ས་ཐོབ།། འདི་ནི་རྡོ་རྗེ་ལམ་མཆོག་སྟེ།། སྐལ་ལྡན་འབད་པ་མེད་པར་གྲོལ།། རྒྱལ་ཐབས་སེམས་ཀྱི་རིན་ཆེན
5b3 དབང་།། སྤྱི་བླུགས་ཚངས་པའི་དབང་ཞེས་བྱ།། དང་པོ་བཅུ་བཞི་ཞག་གི་དུས།། ནུས་པའི་ཚོགས་གསག་བར་ཆད་བསྲུང་།། མཐར་ཕྱིན་ཐུན་མཚམ་བཅུ་ཕྲག་བདུན།། བར་དོ་འབྱོངས་ཤིང་མཐར་ཕྱིན་འགྱུར།། དེ་ནས་སྲོག་འཛིན་བླ་མ་ལ།། ལུས་དང
5b4 བཅས་པའི་ལོངས་སྤྱོད་འབུལ།། བརྡའ་ཙམ་དབང་གིས་མཚོན་ནས་སུ།། གནས་ལུགས་རྟོགས་པར་ཐེ་ཚོམ་མེད།། ཅེས་གསུངས་སོ།། ཡིས་འོད་ཀྱི་རྒྱུད་ལས་དབང་གི་ལེའུ་སྟེ། གསུམོ་པའོ།།
5b5 དེ་ནས་སེམས་ལྷག་ལྷོ་ཡིས་ནི།། ཕྱོགས་རིག་མེད་པར་ལྟ་བ་ཞུས།། མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ།། སྐྱེ་མེད་མ་མཁའ་རྡོ་རྗེའི་དོན།། ལྷ་མེད་རིག་པ་གདོད་ནས་ཨ།། རང་བྱུང་ཡིས་འོད་གསལ་ཤར།། ཡཻས་རང་གནས་བདེ་ཆེན་པོ།།
5b6 ཉན་ཐོས་གང་ཟག་བདག་མེད་མཐོང་།། རང་རྒྱལ་ཆོས་ཀྱིས་ཕྱོགས་ཅིག་རྟོགས།། ཐེག་ཆེན་བདག་མེད་གཉིས་སུ་འདོད་།། ཀྲྀ་ཡ་དག་པ་ཆོས་ཉིད་ལྟ།། ཨུ་པ་གོང་འོག་རྗེ་སུ་འཇུག། ཡོ་ག་ཕུང་པོ་བྱིམ་གྱིས་བརློབས།། རྩལ་དང་ཆོ་འཕྲུལ་རང
iiif viewer powered by OpenSeadragon
5a - 6a