e-texts navigator
Collection
Volume
Page
Wylie

5a1 རང་སེམས་བླ་མ་ཀུན་གྱི་བདག། བརྡ་དོན་སྤྱོད་པའི་སློབ་དཔོན་ནི།། ཤེས་རབ་མཆོག་ལྡན་ཏིང་འཛིན་ཐོབ།། དམན་པ་བློ་སྤངས་ཐམས་ཅད་མཁྱེན།། བསྟན་པའི་བཅུད་བསྡུས་བདེ་གཤེགས་སྲས།། སློབ་མ་རིན་ཆེན་སེཾས
5a2 ལ་སློབ་རྟོགས་ལྡན་བློའི་ཁྱད་པར་གྱིས།། ཏིང་འཛིན་ཤེས་རབ་རྩལ་དུ་རྫོགས།། སྣོད་ལྡན་སློབ་བུ་དད་པ་བརྟན།། རིགས་རྒྱུད་དག་པས་བླ་མ་ཁུར།། མམ་ངག་གཏར་ཐུགས་ཀྱི་སྲས།། དང་པོ་དངོས་གཞིའི་དཀྱིལ་འཁོར་བསྟན།། ཀུན་རྫོགས
5a3 དཀྱིལ་འཁོར་ལུས་ལ་དགོད།། འཕྲུལ་ཚིག་གདམས་ངག་རྣ་བར་གཞུག། སེམས་སུ་འབོགས་པའི་གདམས་ངག་སྦྱིན།། རྒྱབ་རྟགས་གདབ་པའི་ཆོ་ག་བྱ།། ལུས་ལ་བད་མཆོག་བདེ་བའི་དབང་།། ཡོན་ཏན་ལྡན་པའི་བུ་མོ་དེ།། ཐབས་ཀྱི་བསྙམ
5a4 པ་གསུམ་རྫོགས་ནས།། བདེ་ཆེན་ཕྱག་རྒྱ་མཚོན་པའི་རྒྱུ།། རིན་ཆེན་གཏར་གྱི་གདམས་ངག་སྦྱིན།། བདེ་བ་ལག་གི་འདུ་བྱེད་ཀྱིས།། དགའ་བདེའི་མས་ཀྱི་བདེ་བ་དབབ།། རྒོད་པ་ཁ་དང་རིན་ཆེན་རྩི།། སྦྱར་ཞིང་རྩ་གསུམ་གྱེན་དུ་བརླབས།། འབར་བ་མྱུ
5a5 གུགུ་དྲང་ཞིང་གཞི་བ།། ཟབ་མེད་བདེ་བ་པདྨར་རྒྱས།། ཙིཏྟ་རྒྱས་ཤིང་འཁོར་ལོ་གང་།། ཐུང་གི་ཨ་ལ་ཅུང་ཟད་ཕོག། ལུས་འདར་མིག་མི་འཛུམ་ཤིང་འབར།། འཁྱིལ་བའི་རྩིབས་བརྒྱད་བདེ་ཆེན་པོ།། རོལ་པར་བཅོས་མ་ལ་རྟེན་ནས།། རྣལ་མའི་དོན
5a6 ནི་རྟོགས་པའོ།། ངག་ལ་རང་གྲོལ་རླུང་གི་དབང་།། བེམས་པོའི་རླུང་དང་རིག་པའི་རླུང་།། དང་པོ་གྱེན་རྒྱུ་ཐུར་རྒྱུ་དང་།། སྲོག་འཛིན་ཁྱབ་བྱེད་མེ་དང་མཉམ།། རླུང་ལྦ་དྷཱུ་ཏིར་རིམས་ཀྱིས་གཟུང་།། རིག་པའི་རླུང་ནི་གཉིས་ཡིན་ཏེ།། ལས་ཀྱི་རླུང་གིས




iiif viewer powered by OpenSeadragon

4b - 5b

Texts on this page

Gbr003.4 - chos thams cad byang chub kyi sems rdzogs pa chen po 'khor ba rtsad nas gcod pa nam mkha' dang mnyam pa ye shes 'od kyi rgyud