e-texts navigator
Collection
Volume
Page
Wylie

4b1 སྨྲ་བ་བཞིན།། རྣམ་རྟོག་ཕྲ་རགས་ཡས་ཉིད།། རང་བཞིན་གཉུག་མ་དངས་པ་ལྟར།། འཁོར་བ་ཉིད་ན་གདོད་ནས་དག། མཚན་མའི་རྣམ་པ་ཅི་བྱུང་ཡང་།། ཆུ་ཤིང་ལྟ་བུར་སྙིང་པོ་མེད།། མ་རིག་འཐིབས་མུན་འཁོར་བ་ན།། ཡས་སྒྲོན་མའི་འོད་ལྟར
4b2 གསལ།། རྣམ་རྟོག་མཚན་མ་ཅི་བྱུང་ཡང་།། གནས་ལུགས་ཉིད་ལས་གཡོས་པ་མེད།། ཅེས་བཀའ་སྩལ་ཏོ།། ཡིས་འོད་ཀྱི་རྒྱུད་ལས་གཞི་གནས་ལུགས་ཀྱི་ལེའུ་སྟེ། གཉིས་པའོ།།
4b3 དེ་ནས་སེམས་ལྷག་ལྷའི་བུས།། རྡོ་རྗེ་ཟབ་པར་དབང་བསྐར་ཞུས།། མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ།། གནས་དང་དཀྱིལ་འཁོར་དཔོན་དང་འཐེབ།། འཇུག་ཚུལ་དུས་དང་ཡོན་བདུན་བཤད།། མན་ངག་སྡོམ་དུ་ཤེས་པར་གྱིས།། གཞི
4b4 ཡི་གནས་དང་བརྟེན་པའི་གནས།། ཐམས་ཅད་རང་རིག་སེམས་ཉིད་དེ།། རྒྱུ་རྐྱེ་མ་བྲལ་བའི་དངོས་གཞི་ནི།། སངས་རྒྱས་སེམས་ཅམ་ཐམས་ཅད་ཀྱི།། བཞུགས་གནས་རང་བྱུང་ཁྱད་པར་ཅན།། རྟེན་གནས་རཱི་པོ་དེ་ཤན་ནམ།། རྒྱ་ཕུག་རྡོ་རྗེ
4b5 གདན་སྟེངས་སམ།། པ་ད་མ་སའི་གསིལ་ཁང་ངམ།། ཟ་མ་རྟོག་གི་རྒྱལ་མཚན་ནམ།། མ་ལ་ཡའི་རྩེ་མོ་འམ།། གྲུ་འཛིན་ཀ་ཤ་ལི་ཕུག་གོ། དཀྱིལ་ནི་རང་བྱུང་ཡིས་དེ།། མ་བཅོས་དངོས་གཞིའི་དཀྱིལ་འཁོར་ཉིད།། མཁའ་ལྟར་རང་རིག་ཡིས
4b6 གསལ།། སེམས་ཀྱི་དཀྱིལ་འཁོར་འོད་གསལ་ལོ།། ཙཏྟ་རིན་ཆེན་དཀྱིལ་འཁོར་ནི།། འོག་མིན་རིག་པའི་གཞལ་ཡས་ཁང་།། ཟག་པ་མེད་པའི་མཚན་ཉིད་དེ།། དངས་མ་གསུམ་གྱི་རྩེ་མོར་སྒོམ།། མ་ནོར་དོན་གྱི་སློབ་དཔོན་ནི།།




iiif viewer powered by OpenSeadragon

4a - 5a

Texts on this page

Gbr003.4 - chos thams cad byang chub kyi sems rdzogs pa chen po 'khor ba rtsad nas gcod pa nam mkha' dang mnyam pa ye shes 'od kyi rgyud