| | e-texts navigator
|
4a1 དང་མ་འཁྲུལ་སེམསུ་ཅིག། བྱང་ཆུབ་སེམས་ཀྱི་མཚན་ཉིད་ནི།། ཐོག་མ་དང་བྲལ་ཐ་མ་མེད།། ཐོགས་མེད་འཁོར་བའི་རང་བཞིན་འདི།། བྱང་ཆུབ་སེམ་སུ་ཡ་ནས་དག། སེམས་ཉིད་འོད་གསལ་དྲི་མེད་ལ།། བློ་བུར་གཟུགས
4a2 བརྙན་སྤྲིན་གྱིས་སྒྲིབས།། ངོ་བོ་མ་ཡིན་རྒྱན་གྱིས་སྣང་།། བསམ་པས་བཏགས་པ་སྣ་ཚོགས་པ།། བག་ཆགས་ལོག་པའི་རྐྱེན་གྱིས་མཐོང་།། རྟོགས་པ་གཞི་ནས་མི་འོང་སྟེ།། རང་བྱུང་མཐོང་བས་རྟོགས་པ་ཟད།། དཔེར་ན་སྣང་བས་མུན་སེལ་བཞིན།།
4a3 རིགས་མེད་ན་མཁའ་ལྟ་བུར་གནས།། རྒྱལ་བའི་ཐུགས་དང་རང་བཞིན་ལྡན།། བསམ་གྱིས་མི་ཁྱབ་དགོངས་པའི་དོན།། ཕྱོགས་རིགས་མི་མངའ་ཀུན་ལ་ཁྱབ།། རང་བྱུང་གཉུག་མ་ཀུན་གྱི་གཞི།། བཟོད་ནས་རང་བྱུང་འགྱུར་པ་མེད།། མ་བཅོས
4a4 ཀུན་ཁྱབ་རིག་པའི་ཐུགས།། ཁྱབ་བརྡལ་འུ་བ་ཆུབ་ཀུན་ལ་གནས།། རང་གསལ་ཡིས་གདོད་ནས་གྲུབ།། དངོས་པོར་མི་མངའ་རང་བྱུང་སེམས།། ཡེས་ན་མཁའི་འོད་བཞིན་ཁྱབ།། འགྲོ་དྲུག་སེཾན་ཐ~ཾད་ལ།། རང་གནས་ཡིས་གདོད་ནས་ལྡན།།
4a5 འོད་གསལ་སྙིང་པོ་ཡིས་འདི།། རིན་ཆེན་གསུང་གི་རྟགས་ལ་ཤེས།། སེམས་ཉིད་རྣམ་དག་ལྷུན་གྱིས་གྲུབ།། ཀུན་བཟངས་རྒྱལ་པོའི་རིག་པ་བདེ།། མཐའ་ཡས་སེམས་ཅན་ཐམས་ཅད།། རྒྱལ་བའི་ཡིས་རང་ཆས་ལྡན།། བསམ་བྲལ་རང
4a6 ལུགས་ཅིར་མི་དགོངས།། གདོད་ནས་ན་མཁའི་མཐའ་དང་མཉམ།། ཡིད་ལ་མི་བྱེད་གཟའ་གཏད་བྲལ།། འཁོར་བ་མྱ་ངན་འདས་པ་ཡིས།། རྣམ་རྟོག་ཕྲ་རགས་ཅིར་སྣང་ཡང་།། རང་བཞིན་མ་བཅོས་ཉིད་དུ་བདེ།། ཇི་ལྟར་ཆུ་ཡིས།
iiif viewer powered by OpenSeadragon
3b - 4b