e-texts navigator
Collection
Volume
Page
Wylie

3b1 ཡེས་རྒྱུན་ལ་བར་མ་ཆད།། འདི་ལས་གཞན་དུ་མ་བཀོལ་བ་ར།། རིག་པའི་རྒྱལ་པོ་ཀུན་གསལ་བས།། དྲན་པ་ཐཾད་ཏིང་འཛིན་མཆོག། བྱ་བརྩལ་བྲལ་བའི་ཆོས་ཉིད་དུ།། བླང་དོར་མེད་པའི་རཱིག་ཤར།། ཐད་སྐྱེ་མེད་ཡིས་ཀློང་།། འདི་ལ་སྤྱད་བྱ་སྤྱོད་བྱེད་བྲལ།
3b2 ཡིས་དྲི་མ་མེད་པ་ལ།། རེ་དགས་བློ་ལས་འདས་པས་ན།། འཁོར་བའི་གདང་ཤ་ཆོད་པ་སྟེ།། སངས་རྒྱས་ལག་ཏུ་གཏོད་པ་ཡིན།། ཞེས་གསུང་སོ།། ཡིས་འོད་ཀྱི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ། དང་པོའོ།། །
3b3 ནས་སེམས་ལྷག་ལྷའི་བུས།། གནས་ལུགས་མ་བཅོས་རིས་མང་ཞུས།། མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ།། ཐ~ཾད་པ་ཡིས་བྱས་པ་ཡིན།། ང་ལས་བྱུང་ཞིང་ངོ་ལ་ཐིམ།། ང་ཡིས་རང་བཞིན་འོད་གས་ལོ།། འཆད་པ་པོ་ང་ཉན་པ་ང་།། བལྟ་བ་པོ
3b4 ང་བསྒོམ་པ་དུ།། སྤྱོད་པ་པོ་འགྲུབ་པ་པ།། དེ་བཞིན་དབང་གི་རང་བཞིན་ང་།། རྒྱལ་བ་ཀུན་གྱི་ངོ་བོ་ལ།། སེཾན་ཀུན་གྱི་རང་བཞིན་ཏེ།། འདིར་བསམ་འདིར་བྱུང་ཐ~ཾད་དང་།། ཀུན་གསལ་སྒྲིབ་པ་མེད་པ་སྟེ།། ཡིས་དྲི་མེད་འོད་དུ་བཤད།། སྟོང་པ་ཀུན་འབྱུང
3b5 ནམ་མཁའ་བཞིན།། སེམས་ཉིད་ཡིད་བཞིན་རིན་པོ་ཆེ།། འཕེལ་བགྲིབ་མེད་པའི་གནས་ལུགས་ནི།། འབྱུང་གནས་རྒྱ་མཚོའི་དབྱིངས་དང་མཉམ།། སྟོང་ཞིང་གར་ཡང་རྒྱ་མ་ཆེད།། ཡིས་ན་མཁའི་མཐའ་དང་མཉམ།། གསལ་ལ་འགག
3b6 པ་མེད་པ་ཡིས།། རིག་པ་རང་གསལ་སྒྲོན་མའི་འོད།། གཞན་སྐྱོན་སེལ་མ་ཞུགས་པ་ནི།། རིན་ཆེན་ས་ལོ་གསར་གླིང་ཕྱིན།། མ་ནོར་མ་བཅོས་ཇི་བཞིན་ཉིད།། ཀུན་གཞི་རང་བྱུང་ཆེན་པོ་ལ།། མ་རིག་ཡེ་ཤེས་ཐ་དད་མེད།། འཁྲུལ




iiif viewer powered by OpenSeadragon

3a - 4a

Texts on this page

Gbr003.4 - chos thams cad byang chub kyi sems rdzogs pa chen po 'khor ba rtsad nas gcod pa nam mkha' dang mnyam pa ye shes 'od kyi rgyud