| | e-texts navigator
|
3a1 བློ་ཉིད་ཆོས་ཉིད་གྲོལ་བའོ།། སྟེང་ཕྱོགས་མདངས་དགའི་ཞིང་ཁམས་དེར།། སངས་རྒྱས་དགའ་བའི་དཔལ་ལ་ཞུས།། གཉིས་མེང་གཉི་སུ་མེད་པ་ལ།། གཉིས་འཛིན་འོང་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྒྱུ་རྐྱེན་རྐྱེན།
3a2 བཞིས་འཁྲུལ་པ་ཡི།། འཁོར་འདས་སྣ་ཚོགས་སྣང་བའི་དོ།། གང་ཤར་དེ་བཞིན་ཉིད་ཤེས་ན།། བདེན་པ་གཡེར་མེད་བློ་ལས་འདས།། དབུས་ཕྱོགས་མཐའ་དབུས་མེད་པ་རུ།། སངས་རྒྱས་མངོན་རྫོགས་རྒྱལ་པོ་ལ།། སེམས་ལྷག་ཅན་གྱིས་འདི་ལྟར་ཞུས།།
3a3 རང་བཞིན་ཐུགས་རྗེ་ལས།། རྩ་བའི་རྒྱུད་དུ་གསང་པ་དང་།། ལ་ཟློའི་རྒྱུད་དུ་རྫོགས་པ་དང་།། མན་ངག་རྒྱུད་དུ་འོད་འདི་བྱུང་།། འདི་ལ་ཟབ་མོའི་ཆོས་སུ་མཆི།། སྟོན་པས་བདག་ལ་བཤད་གསོལ།། ཞེས་ཞུས་པ་དང་།། བཅོམ་ལྡན་འདས་ཀྱིས་བཀའ
3a4 བཀའ་སྩལ།། ཟབ་མོ་འོད་ཀྱི་རྒྱུད་འདི་ལ།། ཟབ་མོ་དོན་གྱི་ཆོས་དྲུག་སྟེ།། གནས་ལུགས་དང་ནི་མཚོན་པའི་དབང་།། ལྷ་སྒོམ་སྤྱོད་འབྲས་ཟབ་མོ་དྲུག། ཞེས་གསུངས་པ་དང་།། ཀྱེ་ཀྱེ་སྔོན་རྫོགས་རྒྱལ་པོ་ལགས།། ཐུགས་རྗེ་ཐབས་ཀྱི་རོལ་པ་ལས།།
3a5 སྟོན་པས་རྒྱས་པར་བཤད་དུ་གསོལ།། ཞེས་ཡང་ཞུས་པ་དང་།། མངོན་རྫོགས་རྒྱལ་པོས་ལམ་བཏབ་པ།། ཡེས་གླར་ཡང་རྒྱ་མ་ཆད།། ཕྱོག་སུམ་ལྷུང་རིས་མེད་དེ།། ཐ~ཾད་འབྱུང་བའི་བཞིར་འགྱུརརོ།། གདོད་ནས་མ་སྐྱེས་སེམས་ཀྱི་དབང་།། སྲིད་པ་གསུམ
3a6 ནས་ཡེ་དབང་བསྐུར།། གང་གིས་དེ་རྟོགས་སེཾས་ཀྱི་དབང་།། གཞི་ནས་དབང་ཐོབ་བསྐུར་མི་དགོས།། ཅིར་མཱ་ཡིན་བྱང་ཆུབ་སེམས།། རྟོགས་པས་གཞན་གྱིས་བཅོསུ་མེད།། རྩིས་གད་བ་བློ་དང་དྲལ་བས་ན།། ཕྱོགསུ་མ་ལྷུང་ལྟ་བའི་གདེང་།།
iiif viewer powered by OpenSeadragon
2b - 3b