e-texts navigator
Collection
Volume
Page
Wylie

2b1 རྒྱལ་ལ་ཞུས་རྟོག་མེད་དོན་གྱིས་ཡས་ལ།། རྣམ་རྟོག་འོང་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ།། སེང་གེ་གླང་ཆེན་འཐབ་པ་དེ།། ཝ་སྤྲེ་དག་གིས་ཕྲ་མ་བཅུག། སྐམ་གཉིས་ཨེ་ལ་འདུས་ཙམ་ན།། ཕྲ་མ་མཁན་དེ་སྦྱར་ལ་འབྱིན།།
2b2 ཤར་ཕྱོགས་བྱང་ཆུབ་ཡིད་འོང་དེར།། སངས་རྒྱས་སྒྲོན་མ་འབྱུང་ལ་ཞུས།། སེམས་ཉིད་རང་བཞིན་འོད་གསལ་ལ།། མ་རིག་མུན་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རང་བཞིན་འོད་གསལ་ཆེན་པོ་ལ།། ལོག་རྟོག་མུན་པ་བསྒྲིབ།
2b3 མེད་ཀྱང་།། སྤྲད་པ་གསུམ་གྱི་གདམས་ངག་གིས།། སྐུ་གསུམ་ཐིག་ལོ་ཅིག་ཏུ་རྫོགས།། ལྷོ་ནུབ་བརྡུལ་དང་བྲལ་བ་དར།། སངས་རྒྱས་སྣང་བ་བཀོད་ལ་ཞུས།། སྨྲ་བསམ་བརྗོད་དུ་མེད་པ་ལ།། སྣ་ཚོགས་འོང་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས
2b4 བཀའ་སྩལ་པ།། སྣ་ཚོགས་སྣང་བའི་ཆོས་རྣམས་ཀུན།། དཔེར་ན་རྨི་ལམ་ལྟ་བུད།། རྨི་ལམ་བདེ་སྡུག་སྣ་ཚོགས་ཡང་།། རྨི་ལ་མ་སད་དུས་རང་བཞིན་མེད།། ནུབ་བྱང་དབང་བསྒྱུར་ཞིང་ཁམ་ས་དྭེར།། སངས་རྒྱས་གདུགས་མཛེས་དག་ལ་ཞུས།།
2b5 ཨ་ཏི་ཐ་སྙད་བྲལ་བ་ལ།། ཏོག་ཏེ་སྨྲ་བ་ཇི་ལྟར་ཡགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྫིངས་ལས་སྐུར་གྱི་བྱ་བཞིན་དུ།། ཇི་ལྟར་བསྐོར་ཡང་དེ་རུ་འབབ།། ཇི་ཙམ་པའི་ཚོགས་བརྗོད་ཀྱང་།། ཨ་ཏིའི་ངང་དུ་ཐམས་ཅད་འབབ།།
2b6 འོག་ཕྱོགས་པདྨ་བརྡལ་བ་རུ།། སངྱས་རྒྱལ་བའི་དབང་པོར་ཞུས།། སྙིང་པོ་བློ་ལས་གྲོལ་བ་ལ།། བློ་བཏགས་འོང་བ་ཇི་ལྟར་ལགས།། རྣམ་རྟོག་བློ་ལས་འཁྲུལ་པ་བྱུང་།། བྱུང་ཙམ་ཉིད་ལ་འགྲོ་འོང་མེད།། དེ་དོན་རྟོགས་པའི་རྣལ་འབྱོར་པ།།




iiif viewer powered by OpenSeadragon

2a - 3a

Texts on this page

Gbr003.4 - chos thams cad byang chub kyi sems rdzogs pa chen po 'khor ba rtsad nas gcod pa nam mkha' dang mnyam pa ye shes 'od kyi rgyud