| | e-texts navigator
|
2a1 ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ།། སངས་རྒྱས་མི་སྐྱེད་པ་ལ་ཞུས།། སྐྱོ་བ་མེད་པའི་སེམས་ཉིད་ལ།། སྐྱེ་བ་འོང་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལྔ་པ།། རང་བཞིན་འོད
2a2 གསལ་སྐྱེ་མེད་ལ།། འཁྲུལ་རྟོག་བློ་ཡིས་ཀུན་ཀློང་སྤྱད།། སྐྱེས་ཙམ་ཉིད་ན་ངོ་བོས་སྟོང་།། དེ་ཉིད་སྐྱེ་མེད་ཡས་འོད།། ལྷོ་ཕྱོགས་དཔལ་ལྡན་ཞིང་ཁམས་དེར།། སངས་རྒྱས་རིན་ཆེན་འོད་ལ་ཞུས།། གཟུང་འཛིན་བློ་ཡིས་ཕྲ་བ་འདི།།
2a3 རྩ་ནས་བཅད་ན་ཇི་ལྟར་གཅད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ནམ་མཁའ་མཐའ་དང་མཉམ་པ་ཡིས།། གསང་རྫོགས་འོད་ཀྱི་རྒྱུད་རྣམས་ཀྱིས།། ཁམས་གསུམ་འཁོར་བར་འཁྲུལ་པ་ཡི།། མ་རིག་པ་དེ་རྩད་ནས་བཅད།། ནུབ
2a4 ཕྱོགས་བདེ་བའི་ཞིང་ཁམས་དེར།། སངས་རྒྱས་འོད་དཔག་མེད་ལ་ཞུས།། རང་བཞིན་བདེ་བ་ཆེན་པོ་ལ།། སྡུག་བསྔལ་འོང་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། འགྲོ་དྲུག་འཁོར་པའི་སྡུག་བསྔལ་འདི།། ཕན
2a5 པའི་དབང་བཅུ་ནུས་པའི་ལྔ།། ཟབ་མོའི་དབང་གསུམ་རྫོགས་པ་ཡིས།། སྡུག་བསྔལ་ཆོས་ཉིད་དབྱིངསུ་ཞི།། བྱང་ཕྱོགས་རྣམ་དག་ཞིང་ཁམས་དེར།། སངས་རྒྱས་དོན་རྣམས་གྲུབ་ལ་ཞུས།། ཆོས་ཉིད་འགྱུར་པ་མེད་པ་ལ།། རྣམ་རྟོག་རླུང་གི་རླབས་པྲ་ཅི།
2a6 བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བེམས་པོའི་རླུང་དང་རིག་པའི་རླུང་།། རླུང་གི་གནད་གསུམ་ཤེས་པ་ཡིས།། དབུ་མར་རླུང་ནི་ཚུད་པ་དང་།། ལས་རླུང་ཡིས་རླུང་དུ་གྲོལ།། བྱང་ཤར་བསམ་གཏན་བརྒྱན་པ་དེར།། སངས་རྒྱས་ཏིང་འཛིམ།
iiif viewer powered by OpenSeadragon
1b - 2b