e-texts navigator
Collection
Volume
Page
Wylie

1b1 རྒྱ་གར་སྐད་དུ། སརྦ་དྷརྨཱ་མ་ཧཱ་སན་ཏི་བོ་དྷི་ཙིཏ་སཾ་སར་མུ་ལ་ཚེ་མ་ཧཱ་ཨ་ཀར་ཤ་ས་མན་ཏ་ཛྙཱ་ན་པྲ་བ་ཏན་ཏཱ། བོད་སྐད་དུ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་འཁོར་བཙང་ནས་གཅོད་པ
1b2 ནམ་མཁའ་དང་མཉམ་པ་ཡེ་ཤེས་འོད་ཀྱི་རྒྱུད་ཡས་འོད་ཀྱི་དམ་པ་དེ་ལ་ཕྱག་འཚལོ།། འདི་སྐད་བཤད་པའི་དུས་ནི།། ཆོས་ཉིད་ཀྱི་མཁའ། ཡིས་ཀྱི་ཀློང་།། འོག་མིན་རིག་པའི་གཞལ་ཡས་ན། བཅོམ་ལྡན་འདས་མངོན་རྫོཊ
1b3 རྒྱལ་པོ་བཞུགསོ།། རང་བཞིན་གྱི་འཁོར་དང་།། རང་བཞིན་ལྟ་བའི་འཁོར་དང་།། རང་བཞིན་གྱིས་རྟོགས་པའི་འཁོར་དང་།། བྱང་ཆུབ་སེཾ་དེའི་འཁོར་རྣམས་དང་ཐབས་ཅིག་གོ། དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས།། ཕྱོགས
1b4 བཅུའི་སངས་རྒྱས་ཐམས་ཅད་ལ།། ལྷ་དབ་བཟང་སྐྱོང་གི་བུ་སེམས་ལྷག་ཅན་དེས་འདི་སྐད་དུ་བསྐུལ་ཏེ།། དུས་གསུམ་སངས་རྒྱས་ཐཾད་ཀྱིས།། རྒྱུ་ཡིས་ཆོས་རྣམས་མཐར་ཕྱུང་ནས།། འབྲས་བུའི་ཆོས་ནི་མི
1b5 གསུང་བར་ཐུགས་རྗེ་ཆེན་པོས་ཡལ་ལམ་ཅི།། གདུལ་བྱ་སྐལ་ལྡན་ཡོད་པ་ན།། ལྷན་གྲུབ་ཟབ་མོའི་གསུང་དུ་གསོལ།། ཞེས་བསྐུལ་བ་དང་། ལྷའི་བུ་དེས། ཕྱོགས་བཅུའི་སངས་རྒྱས་ཐ~ཾད་ལ་ཞུས་པ་ནི་འདི་ལྟར་རོ།།




iiif viewer powered by OpenSeadragon

1a - 2a

Texts on this page

Gbr003.4 - chos thams cad byang chub kyi sems rdzogs pa chen po 'khor ba rtsad nas gcod pa nam mkha' dang mnyam pa ye shes 'od kyi rgyud