e-texts navigator
Collection
Volume
Page
Wylie

10b1 ཁམས་གསུམ་འདུལ་བའི་གཉེན་པོ་ལ།། འཁོར་བའི་གཡང་ས་གཅོད་པའོ།། བཀའ་ཡིས་བཅུད་འདུས་སྙིང་པོ་འདི།། རྒྱལ་བ་རྣམས་ཀྱི་དགོངས་པ་སྟེ།། ཐེག་པ་ཀུན་གྱིས་ཡང་རྩེ་བོ།། ཐཾད་ཡས་ཆེན་པོར་ཤར།། ཁྱབ་བརྡལ་ཆེན་པོ་རང་ལ་རྫོགས།
10b2 ལས་རོལ་པའི་ཀློང་དུ་ཆུད།། མཁའ་ལྟར་ཁྱབ་པས་མཐའ་དབུས་མེད།། མ་བཅོས་ཐིག་ལེ་མངོན་སངས་རྒྱས།། རང་བྱུང་ཡས་སྙིང་པོའི་དོན།། བཀོད་པ་མེད་པར་ལྷན་གྱིས་གྲུབ།། རྒྱལ་བའི་དགོངས་པ་སེམས་ཀྱི་གཏེར།། མ་ལུས་འདས་པའི་ཐིག
10b3 ལེར་ཆེ།། བླ་མའི་བརྡའ་ཡིས་རྟོགས་པར་བྱོས།། དགྲ་གཉེན་མེད་པར་གོམས་གྱུར་ན།། འདི་དང་བར་མ་དོ་ལ་གྲོལ།། གྲོལ་ནས་གྲོལ་བའི་བརྡའ་ཡང་སྟོན།། སྤྲད་པ་གསུམ་གྱིས་གདམས་ངག་གིས།། རྡོ་རྗེ་སེམས་དཔའི་ཁང་པ་བསྟན།།
10b4 ཐིག་ལེ་ཁོང་དུ་བསྡམས་པས་ནི།། ཟག་ཡང་ཡེ་ཤེས་བདེ་བ་སྟན།། སྐུ་གསུང་ཐུགས་ཕྲད་ཉམས་མྱོང་གིས།། ན་མཁའ་རྒྱ་མཚོ་ནོར་བུ་བསྟན།། དམིགས་པ་སྤོ་བའི་བསམ་གཏན་ནི།། ཤེས་པ་དྲི་མས་པ་བརྡའ་ཡིས་བསྟན།། ཚོར
10b5 རྗེས་མེད་སྒོམ་པ་ནི།། ཕྱོགས་མེད་ལོག་པའི་བརྡའ་ཡིས་བསྟན།། ཚོར་བ་རྗེས་མེད་སྒོམ་པ་ནི།། ཕྱོགས་མེད་ལོག་པའི་བརྡའ་ཡིས་བསྟན།། དུས་ཚོད་བཞི་ཆའི་རིག་པ་ནི།། ཤེས་པ་བཟློག་པའི་བརྡའ་ཡིས་བསྟན།། ཏི་མུག་ལ་མཁྱེར
10b6 གདམས་ངག་ནི།། བཏང་སྒོམས་ཆེན་པོའི་གདམས་ངག་ནི།། མཁའ་དྲོ་རྒྱུད་ཀྱི་བརྡའ་ཡིས་བསྟན།། གཡོ་མེ་ད་བུམ་ཆུའི་གདམྦ་དག་ནི།། ཐིག་ལེ་དབུས་གནས་ལག་བརྡས་བསྟན།། དྲན་པ་རྒྱུན་གྱི་གདམས་ངག་ནི།། དགུ་གདམས་པའི་གདའ་ཡིས་བསྟན།།




iiif viewer powered by OpenSeadragon

10a - 11a

Texts on this page

Gbr003.4 - chos thams cad byang chub kyi sems rdzogs pa chen po 'khor ba rtsad nas gcod pa nam mkha' dang mnyam pa ye shes 'od kyi rgyud