e-texts navigator
Collection
Volume
Page
Wylie

10a1 ཐུགས་རྗེ་རང་སྣང་སྤྲུལ་པའི་སྐུ།། རང་རིག་བདེ་བས་ལོང་སྤྱོད་རྫོགས།། མཚན་དང་དཔེ་བྱད་རང་བཞིན་གྲུབ།། ཐུགས་རྗེ་རང་འདོད་ཅིང་ཡང་འབྱུང་།། ཐུགས་རྗེ་རང་བྱུང་ཡིས་དེ།། རྩོལ་བྲལ་དང་སྣང་བྱིན་བརླབས་ཤར།།
10a2 ཕྱོགས་རིགས་མེདེ་ཀུན་ལ་ཁྱབ།། སྟོང་ཉིད་ཡིས་ཀུན་སྒྲོལ་མཛད།། རང་བྱུང་ཆེན་པོའི་བདག་ཉིད་སྐུ།། འོད་གསལ་གྲུབ་པས་མཐར་ཕྱིན་པ།། འགྲོ་དོན་མཛད་ལ་རྟོག་པ་གྲོལ།། འོད་གསལ་དབྱེར་མེད་ཅིག་གི་ངང་།། མ་རིག་མེད་པས་འཁོར་བ་སངས།།
10a3 སེཾན་སྐྱེ་བའི་རྒྱུ་མི་མངའ།། ཐམས་ཅད་སྐྱེ་མང་དབྱེར་མེད་དེ།། གདོད་ནས་དག་གོ་ངོ་བོ་ཉིད་སྐུ།། བསམ་དུ་མེད་དོ་སྒོམ་དང་བྲལ།། སྣང་བ་མ་བཅོས་ཆོས་སྐུར་ཤར།། རིག་པ་མ་སྦྱངས་ལོངས་སྤྱོད་རྫོགས།། ཐུགས་རྗེ་སྤྲུལ་པའི་སྐུ་རུ་བྱུང་།། སྐུ་གསུམ
10a4 དབྱེར་མེད་རྡོ་རྗེའི་སྐུ།། དྲན་པའི་དོན་ལ་སེམས་མི་འཇུག། ངེས་པ་དོན་གྱི་གཞུང་འདི་ལ།། རྟོགས་པ་སྙིང་གི་དཀྱིལ་དུ་སད།། ཐུགས་རྗེ་སེཾན་ཀུན་ཕན་དུ།། རྣམ་ལྷུན་གྲུབ་སྒྱུ་མར་ནི།། རོལ་པ་ཤྭ་ར་ལ་ངོས་བཟུང་མེད།། རང་བཞིན་མཚན་ཉིད་ལྷུན་གྲུབ
10a5 ལ། གཟུང་འཛིན་བཏགས་པར་ངང་གིས་མེད།། རང་བཞིན་ལྷུན་གྲུབ་ཆེན་པོ་ལ།། ལྷག་མ་མེད་པར་ཡོངསུ་རྫོགས།། ཞེས་བཀའ་སྩལ་ཏོ།། ཡིས་འོད་ཀྱི་རྒྱུད་ལས་གྲུབ་པའི་ལེའུ་སྟེ། བདུན་པའོ།།
10a6 དེ་ནས་ལྷའི་བུ་ཀུན་དགའ་སྙིང་པོས།། ཡོངསུ་རྫོགས་པའི་གདམས་ངག་ཞུས།། མངོན་རྫོགས་སྟོན་པས་བཀའ་སྩལ་པ།། གསང་རྫོགས་འོད་ཀྱི་རྒྱུད་གསུམ་འདི།། སྐུ་གསུང་ཐུགས་ཀྱི་རོལ་པ་ལས།། དུག་གསུམ་འཇོམས་པའི་དཔའ་བོ་ཡིན།།




iiif viewer powered by OpenSeadragon

9b - 10b

Texts on this page

Gbr003.4 - chos thams cad byang chub kyi sems rdzogs pa chen po 'khor ba rtsad nas gcod pa nam mkha' dang mnyam pa ye shes 'od kyi rgyud