| | e-texts navigator
|
4a1 རྟོག་མེད་རང་བཞིམ་རྙོག་པ་ཡིན།། གང་དུ་ཡང་མི་འཛིམ་དབུ་མའང་སྤངས།། རོ་མེད་ཁདེ་སྡུག་མྱོང་ཚོར་མེད།། མི་གསལ་མི་གནས་རྒྱུ་བྲལ་བ།། བཏང་སྙོམས་རྙོག་པ་ཉིད་དུ་འདོད།།
4a2 རྙོག་པ་ཀུན་བྲེལ་ཡིས་ནི།། མ་སྦྱངས་ཀུན་བྲལ་རྫོན་པ་ཡིན།། ཇི་བཞིན་རིག་པའི་ཕྱག་རྒྱར་སྦྱོར།། ཨ་ར་ལི་རྙོག་པ་མེད་པའི་རྒྱུད་ལས།། རྙོག་པས་རྙོགས་པའི་ལེའུ་སྟེ།། གཉིས་པའོ།།
4a3 དེ་ཡང་རང་བྱུང་རྒྱལ་པོ་ཉིད།། རིག་པ་གསལ་བར། གློད་པའི་སེམས།། མཅིངས་མ་གྲོལ་དངས་མཱའི་ཡིད།། བདེ་ཆེན་ཕྱག་རྒྱ་བཏབ་སྟེ་གནས།། དངས་མའི་ཆུ་ལ་རྐྱེན་ལྡན་ན།། དེ་བྲལ་བར་དུ་འཁྲིན་པ་ཡིན།། མ་རྙོག་བཞག་མདངས་པ་ཡིན།།
4a4 དེ་བཞིན་རིན་ཆེན་རྫོན་པའི་སེམས།། ལུས་ངག་སེམས་ཀྱིས་གང་བཙལ་བ།། བརྙོགས་པས་དངས་པའི་བློ་དང་བྲལ།། བདེ་ཆེན་རང་རིག་མི་གཡོ་བ།། མ་བཙལ་རང་བཞག་འབྱུང་བར་འགྱུར།། དང་པོ་མ་བཅོས་དོན་ལྡན་པས།།
4a5 མ་འཙལ་གྱི་ནར་བཞག་པ་ཡིན།། ཐད་ཡཻས་གསལ་བའི་ཚེ།། བཞེད་དུ་བྱས་པའི་ཞི་བ་ཡིན།། རོལ་པ་སྣང་ལ་མི་གཡོ་བ།། ངོས་གཟུང་མ་ཡིམ་ཕྱོ་རིགས་མེད།། འདི་མ་འདྲེས་མཁྱེན་པའི་ཚེ།། རང་བཞིན་རྙོག་པའི་ཞི་བ་ཡིན།།
4a6 བདེ་བ་ཆེན་པོ་གཉིས་མེད་པ།། རང་རིག་ཡིས་གཅིག་ཏུ་འདྲེས།། བར་མའི་སེམས་དེ་བསྟན་དུ་མེད།། བཏང་སྙོམས་རྙོག་པ་སེལ་བ་ཡིན།། རང་རིག་ཡིས་སྐུ་གསུམ་རྫོཊ།། རྟོག་མེད་མ་བཅོས་ཆོས་ཀྱི་སྐུ།། བདེ་ཆེམ་ཉམས་མྱོང་།
iiif viewer powered by OpenSeadragon
3b - 4b