| | e-texts navigator
|
3b1 བའི་ཤེས་པ་ཡིན།། གསུམ་ལ་གཉིས་པའི་ཆོས་མེད་ན།། རྣལ་འབྱོར་སྤྱོད་པར་ལྟུང་བ་དང་།། ཡང་དག་ཉིད་དུ་གྲུབ་པ་དང་།། བདེ་ཆེནམ་བྲལ་བའི་ས་བྱས་ཉིད།། ལོང་སྤྱོད་མེད་པས་བཏང་སྙོམས་འགྱུར།། བདེ་ཆེན་རིག་པའི་ངོ་བོ་ལ།
3b2 ལུས་གསུམ་དུས་ཅིག་རྫོགས་པས་ན།། འབྲས་བུམ་བརྩལ་ལྷུན་གྱིས་རྫོགས།། དངས་པའི་དུས་དང་རྙིང་པའི་དུས།། འཕྲ་མེད་ངོས་འཛིན་ཨ་མ་ངག་བསྟན།། རྟེན་དང་བཅས་རུང་མ་བཅས་རུང་།། ཐམས་ཅད་སྙིང་པོར་ཐིམ་པའི་ཕྱིར།།
3b3 བདེ་མཆོག་བྱང་ཆུབ་སེམས་ཀྱི་སོ།། བདེ་ཆེན་རིག་པའི་ཀློང་དུ་འཁྱིལ།། རྟེན་པ་ལས་ཀྱི་ཀློང་ཟིན་ན།། གཉིས་མེད་རིག་པ་འཆར་བར་འགྱུར།། མ་རྟོག་བསམ་པ་ཐ་དད་ཀྱང་།། འདི་ཡང་རང་རིག་ཡིས་ཡིན།། བསྐྱོད་པ་ཀློང་གི
3b4 ཕྱག་རྒྱ་ཡིས།། རིན་ཆེམ་ཕུང་པོ་རྩེ་བསྐྱོད་པ།། བཅོས་མ་ངོས་བསྟན་རྣལ་འབྱོར་ཉིད།། མ་བཅོས་གསང་བའི་རང་བཞིན་ཡིན།། ཕྱག་རྒྱ་ཆེན་པོ་སྤང་རྒྱུད་སྦྱོར།། བདེ་ཆེན་ཀླུང་སུ་ཞུགས་པ་ཉིད།། རྩེ་ནས་རྩེ་རུ་ཤར་བའི་འོད།།
3b5 ནམཁའ་ཁྱབ་པའི་འོད་དུ་འབར།། འདི་དག་སྨྲམ་པའི་སྦྱོར་བ་ཡིས།། དམན་པ་ཉིད་དུ་སྦྱོར་བ་ཡིན།། དམན་པ་དམ་པ་སྦྱོར་བའི་ལུ་དང་།། ངོ་མཚར་ཡ་མཚན་ཞབས་ཆེན་ཡིན།། གང་ཡང་ཕྱོར་ཀྱི་ཞེམ་པ་ཡིས།། ཐབས་ཀྱི་སེམས
3b6 དང་ཐབས་ཀྱི་རིམ།། བཅིངས་པ་མཐའ་འདོད་བཅིངས་པ་ལྟར།། ཆེད་དུ་བྱས་པའི་རྙོགས་པས་བསྒྲིབས།། རང་གསལ་རོལ་པའི་སེམས་མེད་ན།། བག་ལ་ཉལ་བའི་ཞེམ་པ་ཡིས། མངོན་པར་མི་འགྱུར་འཕྲ་བར་གཅངས།།
iiif viewer powered by OpenSeadragon
3a - 4a