| | e-texts navigator
|
2b1 དཀའ་ཐུལ་ཞབས་ཆེན་གྱིས།། མེདོགས་མཚན་མ་ཡི་འབྱུང་འཇུག་གིས།། སྐུ་གསུམ་ལྷུན་རྫོགས་དོན་དང་འགལ།། བདེ་ཆེམ་ལོངས་སྤྱོད་དོན་བྲལ་ན།། བཏང་སྙོམས་དབུ་མར་དོན་གོལ་ནས།། ཡིས་ལོངས་སྤྱོད་མི་མྱོང་ཞིང་།། བདེ་བ་ཆེན་པོ་སྲོག
2b2 དང་བྲལ།། སྟོང་ཆེན་མི་གནས་རྒྱ་མེད་ན།། རྗེས་རྒམ་འཇིག་རྟེན་ཉིད་དུ་འགྱུར།། སྟོང་གསུམ་བྲལ་བའི་ཐབས་མེད་ན།། རྟག་ཆད་དབུ་མའི་མཐའ་མི་སེལ།། བདེ་ཆེན་རང་རིག་མི་རྟོག་པ།། མི་རྩོལ་གཡོ་མེད་ཅི་དགར་གནས།། ལུས
2b3 ག་སེམས་ཀྱི་བྱ་བ་ཀུན།། དངས་མའི་ཆུ་ལྟར་མ་རྙོགས་གས་ལ།། རྫོགས་པའི་ཡིས་ཀློང་དུ་ཐིམ།། ལྷན་གྱིས་གྲུབ་པའི་དོན་ལ་འཇུག། ཐ~ཾད་རང་སེམས་གཉིས་མེད་ན།། རྙོག་པའི་དྲི་མ་ཀུན་གྱིས་པ།། རང་བཞིན་དག་པའི
2b4 སེམས་ཉིད་ལ།། སྒོམ་པ་སླད་ཕྱིར་སྒོ་མོ་མི་བྱ།། ཐབས་ལས་བྱུང་ཡང་གཞན་མིན་པས།། གཞན་གྱིས་བས་ལ་ཡང་རང་ལ་རྫོགས།། མ་རྙོག་དད་པའི་བརྙན་མ་ལྟར།། གསལ་ཡང་འདུ་ཤེས་ཀུན་དང་བྲལ།། བདེ་ཆེན
2b5 ཉམས་མྱོང་རྗེསུ་དཔག། ན་མཁའི་མཁམས་དང་རབ་མཉམ་པའི།། བདེ་བ་མཆོག་གི་དོན་ལ་ཞུགས།། བདེ་ཆེན་རིག་པའི་རྒྱལ་ཐེབས་ན།། རྟོག་པའི་ཟུག་དུ་གཡོ་མི་འགྱུར།། རང་རིག་རང་བྱུང་གསང་བའི་ཉམས།། གསལ
2b6 བར་ཤེས་ཤིང་རིག་པས་གོ།། རྒྱུ་བ་མེད་དེ་མངོན་པར་རྟོགས།། སྣང་སྲིད་ཡིས་རང་གསལ་བས།། ཇི་བཞིན་རིག་པའི་ངོ་བོ་གསལ།། ཨ་མ་ལི་རྙོག་པ་མེད་ལ་རྒྱུད་ལས།། བདེ་བ་ཆེན་པོ་དང་ཕུན་སུམ་ཚོམ་པའི་ལེའུ་སྟེ།། དང་པོའོ།། །
iiif viewer powered by OpenSeadragon
2a - 3a