| | e-texts navigator
|
5b1 དགོངས་པའི་ཀློང་།། བསྐུར་ཐོབ་མེད་པར་རྫོགས་པའི་དབང་།། མ་བགྲོད་མཐར་ཕྱིན་གསང་བའི་ལམ།། མ་བཅོས་བསྲུང་བྲལ་དམ་ཚིག་ཀློབ།། རང་སྣང་ལྷུམ་གྲུབ་འབྲས་བུའོ།། རང་བྱུང་ཀློང་གི་དོན་རྟོགས་པས།། ཀུན་ཀྱང་བྱང་ཆུབ
5b2 སེམ་སུ་གསལ།། རང་བྱུང་མཆོག་གི་སྙིང་པོ་ལ།། ཆོས་ཀུན་འདུས་པས་ལུས་པ་མེད།། གསུང་བའི་དཀྱིས་གྲངས་མེད་པར།། འདུལ་བའི་ཐབས་ལ་བསྟན་པ་ཡིན།། ཅིག་འདུས་རྫོགས་པའི་རང་བཞིན་ལ།། ཐ་དད་རྟགས
5b3 པ་ཀུན་གྱིས་སྟོང་།། གཅིག་པོ་ཀུན་གྱི་སྙིང་པོ་ཉིད།། མ་ཟིན་པའི་ཆོས་རྣམས་མེད།། རྫོགས་པའི་ཡེས་མ་བཅོས་པ།། རབ་གསལ་སྙིང་པོ་དོན་དུ་མཐོང་།། གཅིག་སྟེ་རྣམ་པ་མི་གནས་པས།། དག་པའི་ཡས་གཏི་མུག་པས།།
5b4 རང་བྱུང་གསང་བའི་སྙིང་པོ་ལ།། རྣམ་པར་དབྱེ་བའི་ཆོས་མི་གནས།། བསམ་བྲལ་རིག་པའི་དཀྲོལ་ལ།། མ་བཅོས་རིག་པའི་སྟོབས་ཀྱིས་གསལ།། མ་བཅོས་རང་བྱུང་རོལ་པ་ལ།། རྣམ་རྟོག་མཐའི་ཞེན་པ་མེད།། རང
5b5 གསལ་དྲི་མེད་དག་པ་ལ།། མཐའི་སྒྲིབ་པ་ཀུན་དང་བྲལ།། བྱ་བསམ་གཉེན་པོ་ཀུན་བྲལ་བ།། འཛིན་བྲལ་སྙིང་པོ་རང་བྱུང་ཡིན།། ཡིས་གསལ་བའི་རང་བཞིན་ནི།། གཉིས་མེད་སེམས་ལས་གཞན་པ་མེད།། རང་བྱུང་མཐའ
5b6 གསལ་ཐིག་ལེང་དག། མཐའ་དབུས་མེད་པའི་དེ་བཞིན་ཉིད།། བཅོས་པ་མ་ཡིན་རང་བཞིན་གསལ།། སྦྱངས་པ་མ་ཡིན་གདོད་ནས་དག། ཀུམ་འདུས་རྫོགས་པའི་སེམས་ཉིད་ཀློང་།། གདོད་ནས་སྤྲོས་མེད་སྙིང་པོར་གནས།། རང་གསལ
iiif viewer powered by OpenSeadragon
5a - 6a