| | e-texts navigator
|
5a1 ཅིར་སྣང་སེམས་ཉིད་རྫོགས་པའི་ཀློང་།། ཡིན་པས་གཉིས་པ་རྣམ་པར་བཅད།། མ་བརྩལ་མ་བསྒྲུབས་རང་བཞིན་གནས།། མ་བཅོས་མཁའ་ལྟར་དག་པའོ།། རིན་ཆེན་ཀློང་དགུའི་རྒྱུད་ལས།། རང་བཞིན་ཀློང་ལེའུ་སྟེ།།
5a2 གཉིས་པའོ།། །། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དམ་པ་དེས། དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་སངས་རྒྱས་ཐ~ཾད་ཀྱི།། ཡས་བྱང་ཆུབ་སེམ་སུ
5a3 གསལ། རང་བྱུང་དག་པའི་སྙིང་པོ་ལ།། ཀློང་དགུའི་བསྟན་པ་ཇི་ལྟར་འཆར།། ཞེས་ཞུས་སོ།། དེ་ནས་དེ་བཞིན་གཤེགས་པས་བཀའ་སྩལ་པ།། རང་བྱུང་རིག་པ་ཉག་ཅིག་ལ།། ཡོན་ཏན་ཆ་དགུར་གཞི་ལ་རྫོགས།།
5a4 དེ་ཉིད་གསལ་བར་མཚོམ་པའི་ལུང་།། བསྟན་པའི་ཀློང་དགུ་ཐུགས་ལས་ཤར།། རིག་པ་བྱང་ཆུབ་སེམས་ཀྱི་ཀློང་།། འཕྲོ་འདུ་རིག་པ་དབྱིངས་ལ་གསལ།། བསྟན་པ་རྒྱ་མཚོ་སེམས་ཀྱི་ལུང་།། ངེས་པ་ཅིག་ཏུ་གསལ་བ་ཡིན།།
5a5 རིན་ཆེན་ཀློང་གི་རང་བཞིན་ནི།། མ་བཅོས་སེམས་ཀྱི་རང་བཞིན་ཡིན།། དེ་ཉིད་མཚོན་པ་ཐབས་ཀྱི་སྒོ།། མ་བཅོས་ཐབས་ཀྱི་ཀློང་དགུ་ཉིད།། བརྗོད་བྲལ་རྟོགས་པ་བྱ་ཕྱིར་བསྟན།། མ་བཅོས་གསང་བའི་ཀློང་དགུ་ལ།། ལམ་གྱི་ཀློང
5a6 དགུས་མཉམ་སྦྱར་ནས།། འབྲས་བུ་ལྷན་རྫོགས་གཅིག་ཏུ་སྣང་།། ལྟ་བ་གཟའ་བྲལ་ཇིག་པའི་ཀློང་།། མཐའ་དབུས་བྲལ་བའི་དཀྱིལ་ཉིད།། ཡིས་རང་གསལ་འགག་མེད་ཀློང་།། བླང་དོར་མེ་ད་པ་ཀུན་ཏུ་བཟང་།། བསམ་བྲལ་མ་ཡེངས
iiif viewer powered by OpenSeadragon
4b - 5b