| | e-texts navigator
|
4b1 གནས་སེམས་ཉིད་ནི། རང་བྱུང་དགོངས་པ་རྒྱ་མཚོའི་ཀློང་།། རྒྱལ་བའི་དགོངས་པའི་ཕུག་ཡིན་ནོ།། མཁའ་མཉམ་རིག་པའི་ཀློང་འདི་ལ།། སངས་རྒྱས་སེམས་ཅན་གཉིས་མེད་པས།། གཉིས་མེད་རིག་པའི་ཀློང་ཞེས་བྱ།། འཁོར་དང་མྱ་ངན་འདྲ།
4b2 མེད་པས།། བྱང་ཆུབ་སྙིང་པོ་ཉིད་ཀྱི་ཀློང་།། བདེ་དང་སྡུག་བསྔལ་དབྱེར་མེད་པས།། བདེ་ཆེན་གསང་བའི་ཀློང་ཞེས་བྱ།། འདོད་འབྱུང་བརྩལ་བྲལ་ལྷུན་གྲུབ་པས།། རིན་ཆེན་རིག་པ་དབྱིངས་ཀྱི་ཀློང་།། སྟོན་ན་མཁའི་མཐའ་ལྟར་འབྱུང།
4b3 ནན་ངག་ཀློང་གི་རང་བཞིན་ནི།། གང་ཡང་མི་མཁྱེན་རང་གསལ་མཁྱེན།། སྙིང་པོ་མཐའ་དབུས་ལས་འདས་པས།། སྒྲ་ཚད་བརྗོད་པའི་ཡུལ་ལས་འདས།། དམིགས་པའི་དོན་དུ་མི་འགྱུར་བས།། བསམ་དཔྱད་མཚོན་པའི་ཡུལ་དང་བྲལ།།
4b4 ཀུན་གསལ་རིག་པ་ཅིག་ལ་རྫོགས།། འོད་གསལ་ལྷུན་གྲུབ་ཆེན་པོ་ལ།། ཞེན་པའི་རྟགས་པ་གདོད་ནས་མེད།། ཀུན་གསལ་ཡིས་གསང་བའོ།། ཕྱོགས་མེད་ཡིས་ལྷུན་གྲུབ་ནི།། བརྩལ་བ་མ་ཡིན་བསྒྲུབས་པ་མིན།། དམིགས་པ་མ
4b5 ཡིན་བསམ་པ་མིན།། རང་གསལ་མ་ཡིན་གཞན་པ་མིན།། རང་བྱུང་རིག་པ་ཅིར་མི་དགོངས།། ཆོས་ཉིད་མ་བཅོས་སེམས་ཉིད་མཆོག། འཁོར་བ་ཡི་སངས་རྒྱས་པས་ན།། མྱ་ངན་འདུས་ལ་རེ་བ་མེད།། སྐུ་གསུམ་བཏགས་པས
4b6 མཚན་མ་བས།། སངས་རྒྱས་རྣམ་རྟོག་འཁྲུལ་པའི་ལམ།། ཐ~ཾད་བྱང་ཆུབ་སེམསུ་གསལ།། སེམས་ཉིད་མ་བཅོས་ཀློང་གི་དོན།། མ་སྒྲིབས་གསལ་བ་རང་བཞིན་འཆང་།། འགྲོ་དྲུག་ཡོས་སྙིང་པོ་བས།། བྱང་ཆུབ་སེམས་ཀྱི་ཀློང་དུ་བརྡས
iiif viewer powered by OpenSeadragon
4a - 5a