| | e-texts navigator
|
4a1 རྫོགས་པས། ལས་མཐར་ཕྱིན་པའི་སེམས་ཉིད་ལ།། བྱ་བྲལ་རྫོགས་པའི་འཕྲིན་ལས་ཉིད།། བརྩལ་བྲལ་འོད་ཀྱི་སྙིང་པོ་ལྟར།། ཡས་དུས་ཅིག་ཁྱབ་པར་གསལ།། གསང་བའི་ཡིས་མ་བཅོས་སེམས།། མ་བཅོས་ཡིས
4a2 གསང་བའི་ཀློང་།། མཐའ་བྲལ་བགྲོད་མེད་སེམས་ཉིད་ལ།། ལྟོ་ན་ལྷུན་རྫོགས་བགྲོད་མེད་དེ།། རང་བྱུང་གསང་བའི་དབྱིངས་ཀྱི་འམ།། འབྱུང་འཇུག་བྲལ་བའི་བགྲོད་མེད་ས།། རྫོགས་ཆེན་ལྷུན་གྲུབ་སེམས་ཉིད་ལ།། འབད་རྩོལ་མེད་པར་ཀུན་འཆ
4a3 བས། འབྲས་བུ་ཉིད་ལས་འབྲས་བུ་འབྱུང་།། རིན་ཆེན་ལྷུན་གྲུབ་ལྟ་བུར་གསལ།། ཟབ་མོ་གསང་བའི་རང་བཞིན་ནི།། ཀུན་འབྱུང་ཅིག་འདུས་རྒྱ་མཚོའི་ཀློང་།། རང་བྱུང་རོལ་པ་བསམ་མི་ཁྱབ།། ཐ~ཾད་འདུས་པའི་སྙིང་པོ་ཡིན།།
4a4 ཡོན་ཏན་ལྷུན་གྲུབ་ཕྱོགས་རིགས་མེད།། མཁའ་གསལ་འོད་ཀྱི་རང་བཞིན་ལྟར།། རང་བཞིན་བྱིན་བརླབས་མཆོག་ཏུ་ཤར།། ཐཾད་རང་བྱུང་སྙིང་པོ་ལྟར།། འདུ་འབྲལ་མེད་པར་ཅག་ལ་རྫོགས།། ཡོན་ཏན
4a5 དུས་ན་ཕྱོགས་རིགས་མེད།། ལྷུན་གྲུབ་དུས་ན་ཅིག་ཏུ་གསལ།། བརྗོད་མེད་རིག་པའི་སྙིང་པོ་ལ།། རིག་པའི་ཆོ་འཕྲུལ་ཡོངས་ཀྱིས་འབྱུང་།། སེལ་མེད་ཡིས་གསལ་བའི་ཀློང་།། ནམ་མཁའ་གསལ་བའི་ཀློང་ཡངས་སྟ
4a6 འབྱུང་འཇུག་མེད་པས་སྒྲོ་སྐར་བྲལ།། ཡངས་པས་དགག་སྒྲུབ་ཀུན་བྲལ་རྒྱན།། མཐའ་དབུས་མེད་པའི་དེ་བཞིན་ཉིད།། ཁྱབ་པས་ཀུན་ལ་སྙོམས་པར་གནས།། རྒྱུ་རྐྱེ་མ་བྲལ་བས་སྐྱེ་འཇིག་མེད།། མ་སྤངས་དང་དུ་ཅིར་མ་བླངས།། ཀུན་གྱི་འབྱུང
iiif viewer powered by OpenSeadragon
3b - 4b