e-texts navigator
Collection
Volume
Page
Wylie

3b1 དོན་དུ་ཡིས་རྫོགས་པར་གནས།། འོད་གསལ་རིག་པའི་མེ་ལོང་ལ།། རོལ་པའི་གཟུགས་བརྙན་འཆར་བ་ལྟར།། མ་བཅོས་གསང་བའི་མེ་ལོང་ནི།། ཁྱབ་པར་གསལ་ལ་རང་བཞིན་མཱ་ད།། རང་བྱུང་གསལ་བའི་མ་ལོ་པ་ནི།། རང་གསལ་རིག།
3b2 པའི་དབྱིངས་ལ་གསལ།། མཚན་མ་ཐབས་ཀྱི་མེ་ལོང་ནི།། རང་ལ་རྫོགས་པས་གཉེན་པོ་མེད།། འད་འབྲལ་མེད་པའི་མེ་ལོང་ནི།། གཉིས་མེད་འདྲེས་པས་ཅིག་གསལ།། སྣང་སྲིད་འཕྲུལ་གྱི་མེ་ལོང་ནི།། མ་འདྲེས་རིག་པའི་དོན་དུ་རྫོཊ
3b3 ཞག་ཇིག་པའི་མེ་ལོང་ནི།། གང་ཡིན་པ་དེ་དེ་ལྟར་ཡིན།། ཀུམ་འདས་རྫོགས་པའི་མེ་ལོང་གིས།། བརྒྱད་པོ་སེམས་ལ་རྫོགས་པར་གས་ལ།། དགུ་བསྐོར་རིག་པའི་དབྱིངས་ལ་སྡུད།། ཐ~ཾད་སེམས་ཉིད་རྫོགས་པ་ལ།། གཉིས་མེད་རིག
3b4 པཱར་དོན་དུ་གསལ།། མཁའ་ལྟར་གསལ་བའི་རང་བཞིན་ལ།། སྙིང་པོ་རང་གསལ་དོན་དུ་མཐོང་།། སྣང་སྲིད་རྒྱལ་བའི་སྤྱོད་པ་ལ།། རང་བྱུང་ཀློང་དུ་ཡེ་ཤར་བས།། རང་བྱུང་ཀློང་གི་སྤྱོད་པ་ནི།། རང་བྱུང་རིག་པའི་ངང་ན་སྤྱོད།། བྱུབ་སེམས་ཀྱི
3b5 དཀྱིལ་ལ་འཁོར་ལོ་མཚན་མའི་མཽང་བྲལ་བ།། སྐུ་གསུཾ་ལྷུན་གྲུབ་སེམས་ཉིད་ཀློང་།། རང་བྱུང་གསང་བའི་དཀྱིལ་རོ།། རང་བྱུང་རང་གསལ་གདོན་ནས་རྫོགས།། མ་བརྩལ་རིག་པ་ལྷུན་རྫོགས་པས།། གཉིས་པ་མེད་པར་ཡེ་རྫོགས་པས།། རང་དབང
3b6 སེམས་ཉིད་རྫོགས་པའི་ལུང་།། ཐད་སེམས་ལས་གཞན་མེད་དོ།། ཕྱོཊ་རིགས་མེད་པའི་ཡིས་ཉིད།། རང་གསལ་སེམས་ཉིད་ཅིག་པུར་འདུས།། འདའ་མེད་མ་བཅོས་ལྷུན་གྲུབ་པོ།། བྱ་བྲལ་རིག་པ་ལྷུན་རྫོ་ཥ་ལ།། གཉིས་མེད་དུས་ཅིག་ལྷུན




iiif viewer powered by OpenSeadragon

3a - 4a

Texts on this page

Gbr003.2 - byang chub kyi sems kyi rgya mtsho klong dgu'i rgyud