e-texts navigator
Collection
Volume
Page
Wylie

3a1 རྫོགས་པའི་རྣལ་འབྱོར་པས།། སྤོང་འགེགས་མེད་པའི་ཚུལ་གྱིས་གནས།། ཀློང་ཆེན་གསང་བའི་ཐིག་ལེ་ནི།། ཐཾད་ཡིན་པས་དགག་སྒྲུབ་མེད།། རང་བྱུང་ཡིན་པས་རྒྱུ་རྐྱེན་བྲལ།། ལྷུན་གྱིས་གྲུབ་པས་རྩལ་དུ་མེད
3a2 གདོད་ནས་དག་པས་སྦྱང་དུ་མེད།། གཉིས་མེད་ཡིས་གསལ་བ་ལ།། ཕྱོར་འཛིན་འཁྲུལ་འཁོར་ལོག་པའི་ལམ།། སྐལ་ལྡན་རྒྱས་སྲས་དམ་པ་ཉིད།། མ་བགྲོད་དུས་ཅིག་རྫོགས་བྱའི་ཕྱིར།། གསང་བའི་རིག་པ་ཀློང་དགུའི་རྒྱུད།།
3a3 དུས་མཐའི་སྐད་ཅིག་ཙམ་ལ་གསུངས།། ཞེས་གསུང་སོ།། རིན་ཆེན་ཀློང་དགུའི་རྒྱུད་ལས།། གླེང་གཞི་གསང་བའི་ལེའུ་སྟེ་དང་པོའོ།། །། དེ་ནས་སེམས་དཔའ་རྡོ་རྗེས་བཅོམ་ལྡན་འདས
3a4 རྡོ་རྗེ་སེཾདའ་ལ་འདི་སྐད་ཅེས་ཞུསོ།། དུས་གསུཾ་སངས་རྒྱས་ཐཾད་ཀྱི།། རང་བཞིན་གསང་བ་ཀློང་གི་བདག། རིན་ཆེན་འབར་བ་ལྷུན་གྲུབ་ལྟར།། འཕེལ་འགྲིབ་མེད་པའི་རང་བཞིན་ཁྱོད།། རིན་ཆེར་སེམས་ཀྱི་རང་བཞིན་གང་།། རྒྱུ་མཚོ
3a5 ཀློ་གི་སྟོན་སྐཱ་ར།། ཕྱོ་ཊ་རིགས་མི་མངའ་ཅིག་གི་དང་།། སྐ་ལྡན་གསལ་བའི་དོན་དུ་གསུངས།། ཞེས་ཞུསོ།། དེ་ནས་དེ་བཞིན་གཤེགས་པས་བཀའ་སྩལ་པ།། རིམ་ཆེན་རྒྱ་མཚོ་གསང་བའི་རྒྱུད།། གསང་བ་སེཾས་ཀྱི་རང་བཞིན་ཏེ།། ཀུན་གྱི་སྙིང
3a6 པོ་གསང་བའི་དོན།། རིན་ཆེན་ཀློང་དགུ་ཐུགས་ལ་རྫོགས།། གསང་བའི་ལམ་དགུ་ཉི་མར་འཆར།། འབྲས་བུ་རིན་ཆེན་ཕུང་པོ་ལྟར།། བརྩལ་སྒྲུབ་མེད་པར་རང་ལ་འཆར།། ཡོན་རོལ་པ་བསམ་མི་ཁྱབ།། དངོས་ཅིག་ཚུལ་བསཾ་པས་ཕྱེ།




iiif viewer powered by OpenSeadragon

2b - 3b

Texts on this page

Gbr003.2 - byang chub kyi sems kyi rgya mtsho klong dgu'i rgyud