e-texts navigator
Collection
Volume
Page
Wylie

2a1 དེ་ནས་བཅོམ་སད་འདས་ཡིས་རླུང་གི་ཉིང་ངངེ་འདིན་མ་སེམས་པར་ཞུགས་ཏེ། ཟད་པོས་ཆེན་པའི་བྱུད་དུཅིག་པར་གྱུར།། ཀཱང་རྩལ་པ། བྱང་ཆུབ་སེམས་ཀྱི་རང་བཞིན་ནི། རང་བྱུང་།
2a2 རིག་པ་མཆོག་གི་ཀློང་།། གསང་བ་རང་བྱུང་སྙིང་པོར་རྫོཊ།། འོད་གསལ་རིག་པ་ཀུན་ལ་ཁྱབ།། རང་བཞིན་ངོ་བོས་ཞི་བའི་ཕྱིར།། མཚན་མ་དག་པའི་ཆོས་ཉིད་ནི།། མ་བཅོས་གསང་བ་ཐུགས་ཀྱི་ཀློང་།།
2a3 གསང་བ་རང་བྱུང་སྙིང་པོར་རྫོགས།། འོད་གསལ་རིག་པ་ཀུན་ལ་ཁྱབ།། རང་བཞིན་ངོ་བོས་ཞི་བའི་ཕྱིར།། མཚན་མ་དག་པའི་ཆོས་ཉིད་ནི།། མ་བཅོས་གསང་བ་ཐུགས་ཀྱི་ཀློང་།། རིག་པའི་ཀློང་ལས
2a4 གཞན་མི་ནུ་པས།། ཚིག་དང་ཡི་གེ་ཀུན་ལས་འདས།། འབྱུང་འཇུག་མེད་པའི་རིག་པ་ལ།། གཉིས་པ་མི་གནས་ཅིག་མོད་ཀྱང་།། བརྗོད་པ་སྒྲའི་ཚུལ་གྱིས་བསྟན།། ཞེས་གསུངས་སོ།།
2a5 དེ་ནས་ཡང་སེང་འརྗོ་དེས་འདི་སྐད་ཅེས་ཞུས་སོ།། རང་བྱུང་རིག་པའི་དབྱིངས་ཀྱི་ཀློང་།། ཐཾད་གསལ་བའི་སྙིང་པོ་ལྟར།། རྐྱེན་བྲལ་སྟོན་མཐར་ཕྱིན་ཡང་།། རྒྱལ་པོའི་ཕྲུ་གུ་འཁྱམས་པ་ལྟར།། སྤྱི་ཡི་རང་མཚན་མརྟོག་པས།




iiif viewer powered by OpenSeadragon

1b - 2b

Texts on this page

Gbr003.2 - byang chub kyi sems kyi rgya mtsho klong dgu'i rgyud