| | e-texts navigator
|
1b1 རྒྱ་གར་སྐད་དུ། བེ་དྷི་ཙི་ཏ་ཨ་ལང་ཀ་ར་ཨ་མན་ཏ་བྷ་བ་ན་མ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་ཀྱི་རྒྱ་མཚོ་གླེང་དགུའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་རྩོལ་བྲལ་དང་ལ་ཕྱག
1b2 འཚལོ།། འདི་སྐད་བཤད་པའི་དུས་ཅིག་ན། དེ་བཞིན་གཤེགས་པ་རང་བྱུང་གསལ་བའི་སངས་རྒྱས། ཐམས་ཅད་རང་རིག་གསལ་བའི་ངོབོ།། ཡས་འོད་གསལ་བདེ་བ་ཆེན་པོར་རྫོགས་པ་ཉིད།། རིག་པ་མཐའ
1b3 དབུས་མེད་པའི་གཞལ་ཡས་ཁང་།། རང་རིག་གསལ་བའི་དཀྱིལ་འཁོར་ཡས་ཆེན་པོའི་ཀློང་གི་གནས་ན།། རང་བཞིན་གྱི་འཁོར་དང་རང་བཞིན་ལྟ་བ་དང་།། རང་བཞིན་རྟོགས་པ་དང་། དུས་གསུམ
1b4 གྱི་སངས་རྒྱས་རི་ལ་རིག་པའི་ཀློད་དུ་ཐབས་ཅིག་པའི་ཚུལ་དུ་བཞུགསོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ལ།། ཕྱག་ན་རྡོ་རྗེ་ཐམས་ཅད་ཀྱི་རང་བཞིན་འདི
1b5 སྐད་ཅེས་གསོལ་ཏོ།། ཚེགས་ཆེན་བྱང་ཆུབ་སེམས་ཉིད་ནི།། བསྟན་པ་ཐམས་ཅད་ཀུན་འདུས་པ།། རིག་བསྟན་པ་ཀུན་གྱི་ཀློང་།། བྱ་བྲལ་རྫོགས་ལུང་བཤད་དུ་གསོལ།། ཞེས་ཞུས་སོ།།
iiif viewer powered by OpenSeadragon
1a - 2a