| | e-texts navigator
|
18b1 བརྩལ་བ་མ་ཡིན་ལྷུན་གྱིས་གྲུབ།། སྤྱན་དྲངས་མ་ཡིན་ཡེ་ནས་གནས།། སྦྱངས་པ་མ་ཡིན་གདོད་ནས་དག། རིམ་པ་མ་ཡིན་དུས་ཅིག་རྫོགས།། ཕྱོཊ་རིགས་མ་ཡིན་ཁྱད་པར་བརྡལ།། མཛད་པ་ཕྱེ་མེད་དུས་ཅིག་གྲུབ།། གདོད་ནས་འབྲས་བུར་ལྷུན
18b2 གྲུབ་ལ། མཐོང་དང་མ་མཐོང་ཁྱད་པར་གྱིས།། སངྱས་སེན་གཉིསུ་བྱུང་།། དངོས་པོ་ཉིད་ལ་ཅིག་ཏུ་མཉམ།། སྐུ་དང་དཔེ་བྱད་འོད་འབར་བ།། འདུལ་བའི་ངོ་ལ་བསྟན་པ་ཡང་།། དྲང་དོན་འཇིག་རྟེན་སངས་རྒྱས་ཏེ།། འད་ལ་དབང་དངོས་པོ་གནས
18b3 པ་མིན།། རང་བྱུང་རིག་པ་འོད་འབར་བ།། ཀུན་ཀྱང་དེ་ཉིད་མཚུངས་པར་ལྡན།། དེ་ཉིད་ཆོས་སྐུ་ཆེན་པོ་བཤད།། རང་ལ་བསྟན་ཅིང་རང་ལ་འགྲེལ།། རང་བྱུང་གསང་བ་རང་ལ་འཆང་།། རང་བྱུང་འཁོར་ལོ་རང་ལ་བསྐོར།། གཞན་དུ
18b4 བྱ་བའི་ཡུལ་མེད་པས།། དེ་བཞིན་ལ་རྟག་ཏུ་བཞུགས།། སྟོན་པ་ཡིད་བཞིན་ནོར་བུ་བཞིན།། ལས་དང་རྐྱེན་ལས་མི་སྣང་བས།། དེ་སྐུ་གསུང་རྡོ་རྗེ་ནི།། བྱིན་བརླབས་བསཾ་གྱིས་མི་ཁྱབ་འདོད།། གང་དང་གང་སྣང་དེ་དང་དེ།། མཐུན་འཇུག་འཚམ
18b5 པའི་ཐབསུ་བསྟན།། དེ་ཉིད་རྒྱལ་བའི་ཐུག་སུ་འདུས།། རང་བྱུང་ལྷུན་རྫོགས་སྙིང་པོ་ནི།། ཇི་ལྟར་སྣང་བ་དེ་ལྟར་ཡིན།། ཞེས་གསུང་སོ།། རིན་ཀློང་དགུའི་རྒྱུད་ལས།། འབྲས་བུ་རིན་པོ་མེ་ལྷུན་གྱིས་གྲུབ་པའི་ཀློང་གི་ལེའུ་སྟེ་བཅུ་ཅིག་པའོ།།
18b6 དེ་ནས་སེཾདའ་རྗེས་འདི་སྐད་ཅེས་ཞུསོ།། དུས་ཐ་རྒྱལ་བའི་ཐུཊ་གྱི་མཛོད།། གསང་བ་ཀློང་དགུའི་བསྟན་པ་འདི།། གང་ཟག་གང་གིས་བསྟན་པ་བཟུང་།། མགོན་པོ་དཔའ་བོས་བཤད་གསོལ།། ཞེས་ཞུས་པ་ལས།། དེ་བཞིན་གཤེན་པས་འདི་སྐད་ཅེས་གསུང་སོ
iiif viewer powered by OpenSeadragon
18a - 19a