e-texts navigator
Collection
Volume
Page
Wylie

18a1 6། མ་བསགས་གདོད་ནས་རྫོགས་པའི་ཕྱིར།། ཇི་ལྟར་ཉི་མའི་འོད་ཟེར་བཞིན།། ཀུན་ལ་ཇི་ལྟར་འཐུན་པ་འབྱུང་།། ས་དང་ཆུ་དང་མེ་དང་རླུང་།། འདོད་ལྔ་ཀུན་ཏུ་སྦྱོར་བ་ཡང་།། སངས་རྒྱས་ཐུགས་རྗེ་རོལ་པ་ཤ་ར།
18a2 ཐུགས་རྗེ་ན་མཁའི་མཐའ་ལྟར་བརྡལ།། གང་དང་གང་དག་དེ་དག་ལ།། ཐུགས་རྗེ་ཆེན་པོ་མི་སྣང་ནུ།། སྐྱོབ་པའི་ཐུགས་རྗེ་ཡལ་ལ་མ་ཅི།། སེཾ་མ་ཁྱད་པར་ཅི་ཞིག་ཡོད།། དངོས་ལ་ཐུགས་རྗེའི་ཡུལ་མེད་པས།། སྐྱེ་དང་མི་སྐྱེ་མི་གནས
18a3 ཀྱང་། ཕྱོགས་རིས་འདུ་ཤེས་མི་མངའ་བས།། བསམ་པའི་ཁྱད་པར་སོ་སོར་སྣང་།། དམྱལ་བ་ཡི་ཅི་དགས་བྱོལ་སོང་དང་།། ལྷ་དང་ལྷ་མིན་སྲིན་པོ་མི།། བདེ་སྡུག་ཁྱད་པར་ཅིར་སྣང་བ།། དེ་དག་ཐུགས་རྗེ་ཆེན་པོ་ཡོན།། ནད་དང
18a4 མུ་གེ་མཚན་ཉིད་དང་།། མེ་ཆུ་རླུང་དང་ན་མཁར་སྟོང་།། དེ་དག་རིམ་པ་ཅིར་བསྟན་པ།། ཐུགས་རྗེ་རྨད་བྱུང་རོལ་པ་ཡིན།། ཇི་ལྟ་ཇི་ལྟར་དེ་དག་ཏུ།། འདུལ་བའི་ཐབ་སུ་བསྟན་པ་ཡིན།། རྒྱལ་བ་གང་དང་གང་དག་གིས།།
18a5 འདུལ་བའི་ཐབ་སུ་གང་བསྟུན་པ།། ཕྱོཊ་མཐོང་ལོག་པའི་འདུ་ཤེས་ཀྱིས།། སྡང་སེམས་སྣོད་སྦྱོར་ཉིད་དུ་མཐོང་།། གནོད་སྦྱོར་ཕན་པའི་གཱཟི་བརྗིད་ཀྱིས།། གྲོལ་བའི་ལམ་ལ་དགོད་པར་བྱ།། ཐུགས་རྗེ་ཆེན་པོས་མ་ཁྱབ་ན།། ལས་དང་ཐུགས
18a6 རྗེ་འབྲེལ་བ་མེད།། དེ་དག་མེད་པར་གྱུར་ན་ནི།། གྲོལ་བར་མེད་པའི་སྐྱོན་དུ་འགྱུར།། ལྷུན་གྲུབ་རིམཆེ་མ་ཕུང་པོ་ལ།། བརྩོལ་བྲལ་རིག་པར་མཉམ་སྦྱར་ཞིང་།། ངེས་པར་བརྡའ་དོན་ཕྲད་པ་ཡིས།། འབྲས་བུ་རི་མཆིན་ལྷུན་གྱིས་རྫོགས།།




iiif viewer powered by OpenSeadragon

17b - 18b

Texts on this page

Gbr003.2 - byang chub kyi sems kyi rgya mtsho klong dgu'i rgyud