| | e-texts navigator
|
17b1 རང་གསལ་རིག་པ་རྗེ་སུ་འཇུག། ཐེག་པའི་སྙིང་པོ་རྫོགས་པའི་ལུང་།། རྒྱུད་དང་བྱ་བྲལ་རྫོཊ་པ་དང་།། མཁའ་ཁྱབ་རིག་པ་སེམས་ལུང་གིས།། བསམ་གྱིས་མི་ཁྱབ་དུས་ཅིག་མཁྱེན།། རྒྱལ་བ་ཀུན་གྱིས་ཐུགས་རིག་པ།
17b2 རྒྱལྔ་བ་ཀུན་གྱིས་ཐུགས་མཆོག། སེཾན་ཀུན་གྱིས་སེམས་ཆེན་པོ།། གདོད་ནས་དག་པས་དྲི་མ་མེད།། ཀུན་ལ་སྣང་ཞིང་ཐེར་ཟུག་མེ་ན།། རང་སྣང་ཆོས་ཉིད་དམ་ཚིག་ལ།། ཅི་ཡང་མིན་ལ་ཅིར་ཡང་འབྱུང་།། བསམ་སྤྱོད་མཚན
17b3 འཛིན་རྟོག་ཡས་འདས།། ཡིས་རྫོགས་ལུང་རྣམ་པར་དག། རིག་པའི་ཐུཌ་ཏེ་ཐུགས་ཀྱི་མཆོག། མྲ་བཅོས་ཇི་བཞིན་ཉིད་ལ་གནས།། ཆོས་ཀུན་མ་བཅོས་རྒྱུད་འཆང་བ།། གསང་བའི་གསང་བ་རིག་པའི་ཉམས།། འདའ་བ
17b4 བཀའ་ཏེ་རིག་པའི་གནས།། ཐེག་པའི་སྙིང་པོ་ཅིག་ལ་འདུས།། འདའ་བཀའ་རིག་པའི་དམ་ཚིག་ལ།། ཀུན་ཏུ་ཁྱབ་པར་གནས་པར་བྱའོ།། ཞེས་གསུངས་སོ།། རིན་ཆེན་ཀློང་དགུའི་བརྒྱུད་ལས།། བསྲུང་མེད་དམ་ཚིག་ཀློ
17b5 གི་ལེའུ་སྟེ། བཅུ་པའོ།། །། དེ་ནས་ཡང་སེམས་དཔའ་རྡོ་རྗེ་དེ་ཉིད་ཀྱིས།། དེ་བཞི་མ་གཤེགས་པ་རྡོ་རྗེ་སེཾདའ་ལ་འདི་སྐད་ཅེས་ཞུས་སོ།། དུས་གསུམ་མ་བརྩལ་ལྷུན་གྲུབ་པས།།
17b6 མ་གསགས་གདོད་ནས་རྫོགས་པ་ཡིས།། བྱང་ཆུབ་སེམས་ཀྱི་རང་བཞིན་ལ།། ལྷུན་གྲུབ་འབྲས་བུ་ཇི་ལྟར་འཆར།། ཞེས་ཞུས་སོ།། དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་གསུངས་པ།། ཏཀྲ་ཀའི་སྙིང་པོ་བཞིན།།
iiif viewer powered by OpenSeadragon
17a - 18a