e-texts navigator
Collection
Volume
Page
Wylie

17a1 བསྲུང་བའི་ཤེས་པ་ཕྱིན་ཅི་ལེག། ཡེ་ནས་ཁྱབ་པའི་དམ་ཚིག་ལ།། ད་བཟོད་རྩོལ་བ་ལོག་པའི་ལམ།། ན་མཁའ་ས་དང་ཆུ་དང་རླུང་།། རང་རང་དོན་ལས་མི་འདའ་བཞིན།། སྣང་གྲཊ་ཆོས་རྣམས་མ་ལུས་པ།། བདེ་ཆེན་དང་ལ་ས་འད།
17a2 མི་སྲིད།། བདེ་ཆེན་གསང་བ་དམ་པ་སྟེ།། དེ་ལས་འདས་ན་ཚིག་པར་འགྱུར།། གཱ་ཞིག་གནས་པ་ཙམ་གྱིས་ནི།། དྲི་མ་ངན་པ་རིག་པ་ཡིན།། སམྦ་ཡ་ཡིས་གང་བསྒྲགས་པ།། རྒྱལ་པོ་བཀའ་བརྟགས་ཇི་བཞིན་དུ།། རང་བྱུང་སང་བའི་དོན་རྟོན་པས
17a3 ཀུན་ཀྱང་དེ་ལས་འདའ་མི་འགྱུར།། མ་བཅོས་ལྷུན་གྲུབ་དམ་པ་ཡིས།། བཅོས་པའི་སྤྱོད་པ་རྣམ་པར་བཅད།། ཞེན་རྟ་ཌ་འཛིན་པའི་ཆོས་དག་པས།། ལྷུ་མ་གྲུབ་རང་རིག་ཆེན་པོ་ཉིད།། འདུས་པའི་རྒྱུ་རྐྱེན་རྣམ་དག་པས།།
17a4 འོད་གསལ་ཡས་སྐྱེ་འགག་མེད།། བརྗོད་བྲལ་རིག་པའི་དམ་ཚིག་ལ།། ལྷག་པའི་དམ་ཚིག་རྣམ་བཞི་པོ།། མ་རྩལ་ལྷུན་གྱིས་གྲུབ་པར་གནས།། མ་བྱུང་མ་སྐྱེས་ཇི་བཞིན་ཉིད།། རྒྱུ་འབྲས་བྲལ་བའི་དམ་ཚིག་གོ།། མཐའ་བྲལ་ན་མཁའ
17a5 དམ་ཚིག་ལ།། མཐའ་དབུས་རྣམ་རྟོག་གང་འཇུག་པ།། དེ་བཞིན་ཉིད་ཀྱི་དམ་ལས་འདས།། བདེ་ཆེན་གསང་བའི་ལམ་དང་བྲལ།། གཟུང་འཛིན་ཆགས་པའི་གཟེབ་ཀྱིས་བཅིངས།། རྒྱུད་དྲུག་འཁོར
17a6 བའི་ལམ་དང་འབྲེལ།། རང་བྱུང་ཡིས་དོན་ལས་གོལ།། བསམ་འདས་བརྗོད་མེད་ཆོས་ཀྱི་དབྱིངས།། ཇི་བཞིན་རང་བཞིན་རྣམ་པར་དག། རིག་པ་མ་བཅོས་རླུང་དུ་འཇུག། བརྒྱ་ཕྲག་བསམ་གྱིས་མི་ཁྱབ་པ།། སྙིང་པོ་ཅིག་སྟེ་རྫོགས་པའི་ལུང




iiif viewer powered by OpenSeadragon

16b - 17b

Texts on this page

Gbr003.2 - byang chub kyi sems kyi rgya mtsho klong dgu'i rgyud