e-texts navigator
Collection
Volume
Page
Wylie

16b1 དབྱིངས་ལ་གསལ།། འབྱུང་འཇུག་རིག་པའི་རྗེས་མི་འབྲེང་།། གཟའ་བྲལ་ཡུལ་དང་དབང་པོས་སྟོང་།། མ་བཅིངས་མ་གྲོལ་ཇི་བཞིན་གནས།། ཕྱོགས་འཛིན་བརྩོལ་བའི་ལཾ་བརྒྱད་ཀྱིས།། རང་རིག་བདེ་ཆེན་དོན་དཔའ་གལ།། རྩོལ་བའི་ཆོ་བོར་བ
16b2 འགོགས་བྲས།། བརྩལ་མེད་ལྷུན་གྲུབ་དོན་མི་མཐོང་།། ཅི་ཡང་ཡིན་ནོ་གང་ཡང་རུང་།། དགག་སྒྲུབ་མེད་པར་རང་གསལ་ཞིང་།། རང་བཞིན་མ་བཅོས་ཞི་བ་ཡིན།། ལུས་ངག་སེམས་ཀྱི་བྱ་བརྩལ་མེད།། འདི་ནི་རང་བྱུང་རིག་པའི་ལམ།། དོན་ལ
16b3 སྦྱོར་ཞིང་ཚིག་ཏུ་མེད།། ཞེས་གསུངས་སོ།། རིན་ཆེན་ཀློང་དགུའི་རྒྱུད་ལས། བགྲོད་དུ་མེད་པ་ས་དང་ལམ་གྱི་ཀློང་གི་ལེའུ་སྟེ་དགུ་པའོ།། ། དེ་ནས་ཡང་སེམས་དཔའ་རྡོ་རྗེས་དམ་པ་དེས།།
16b4 དེ་བཞིན་གཤེགས་པ་རྡོ་རྗེ་སོདའ་ལ་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས།། སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་།། བསྲུང་དང་མི་བསྲུང་གཉིས་མེད་པའི།། རིག་པའི་དམ་ཚིག་ལེགས་པར་བསྲུངས།། ཞེས་ཞུས་སོ།
16b5 དེ་ནས་ཡང་དེ་བཞིན་གཤེགས་པ་ཉིད་ཀྱི་སྲུང་བྲལ་རིག་པའི་དམ་ཚིག་གི་དོན་གསུངས་པ།། དུས་གསུམས་བྱས་ཐ~ཾད་ཀྱི།། སྐུ་གསུང་ཐུ་གསུ་བདག་གནས་པས།། འདའ་བ་མེད་པའི་དམ་ཚིག་གསུམ།། རང་བཞག་ཡིད་ཀྱིས་ལེགས
16b6 པར་བཟུང་།། དྲནབ་རྐྱེན་གྱིས་མ་ཤོར་ཏེ།། དེ་ཉིད་ཚོང་དུ་ལྷུག་པར་ཞོག། མ་བཅོས་གསང་བའི་དམ་ཚིགསུམ།། ནམ་མཁའ་རྒྱས་པའོ་མཐའ་བཞིན་དུ།། ཐོབ་དང་མ་ཐོབ་མེད་པར་གནས།། བསྲུང་བྲལ་རིག་པའི་དམ་ཚིག་ལ།




iiif viewer powered by OpenSeadragon

16a - 17a

Texts on this page

Gbr003.2 - byang chub kyi sems kyi rgya mtsho klong dgu'i rgyud