| | e-texts navigator
|
16a1 མེད་པས་མཉམ་པར་རྟོགས།། སྐལ་ལྡན་སྒྲ་ལ་བརྟན་པ་ཡིས།། བརྗེད་པས་བརྗེད་མང་གསལ་བར་རྟོགས།། པྲ་ཀྲྀ་ཐབས་ཀྱིས་ཁྱད་པར་གྱིས།། ཤེས་རབ་ཆེན་པོའི་ཐོ་བ་ཡིས།། རྟཊ་པའི་བུམ་པ་རྣམས་བཅག་ནས།།
16a2 ཡས་སྣང་བ་མཆེད་པར་འགྱུར།། འབྱུང་འཇུག་མེད་པའི་དོན་ལམ་འདི།། གང་ལྟར་གསལ་བ་དེ་ལམ་ཡིན།། རྣམ་པར་རྟོག་པ་ཀུན་གྱིས་སྟོང་།། ལམ་ལྔ་སྦྱོར་བ་འཁྲུལ་པའི་ནད།། ཡེ་ནས་དག་པས་སྦྲང་དུ་མེད།། ལྷན་གྱིས་གྲུབ་པས་བརྩལ
16a3 དུ་མེད།། རང་ལ་རྫོགས་པས་བདག་བཞིན་མེད།། ས་བཅུ་བགྲོད་པ་རྟོག་པའི་གྲངས།། བགྲང་མེད་ན་མཁའི་ངོ་བོ་ལ།། མཐར་འཛིན་གྲངས་ཀྱིས་ཅི་བརྩོལ་བ།། ན་མཁའི་མཐའ་ལ་སྤྱོད་པ་འདྲ།། མ་འགྲོད་མ་སྦྱོང་ཡུལ་མ་ཚོལ།། སྒོ་གསུམ
16a4 མེ་བཅོས་ཡལ་མར་གནས།། དམ་པའི་འདུ་ཤེས་ཉེར་ཞི་བ།། སྒྲོ་འདོགས་བསྐུར་འདེབས་རྣམ་པར་གཅོད།། དམིགས་འཛིན་རྩོལ་བ་ཀུན་གྱིས་སྟེང་།། བསམ་པ་མ་ཡིན་མི་བསམ་མིན།། གཉིས་ཀ་རའི་ཛིན་པའི་སེམས་བྲལ་བས།།
16a5 བརྟགས་བུའི་འདུ་ཤེས་ཀུན་གྱིས་དབེན།། ཤེས་ཡུལ་བརྟགས་པ་ཀུན་བྲལ་བ།། ན་མཁའ་དྲི་མེད་ཤིམ་ཏུ་གསལ།། རྟག་ཏུ་མེད་ཅིང་སྤྱད་དུ་མེད།། བསམ་མེད་བརྗོད་པ་ཀུན་ལས་འདས།། འཇུག་དང་མི་འཇུག་གཉིས་བྲལ་བས།།
16a6 རིག་པའི་ཡས་ཆེན་པོ་ལ།། མ་བཅོས་དང་ལ་ལྷུན་གྱིས་རྫོགས།། མ་བཅོས་གསང་བ་དབྱིངས་ཀྱི་ལམ།། འཇུག་མེད་པའི་ཚུལ་གྱིས་ག་ནསོ།། རྩེ་སྤྲད་མ་སྤྲོས་དབྱིངས་ལ་འདུས།། རྩིས་ལས་འདས་པའི་བྱང་ཆུབ་སྐུ།། འདུ་འཕྲོ་མི་མངའ
iiif viewer powered by OpenSeadragon
15b - 16b