e-texts navigator
Collection
Volume
Page
Wylie

7b1 གནས་ནས་འདྲེན་པ་དང་།། ཕྱག་རྒྱུ་གཏིང་འཛིན་ལྡན་པ་ལ།། དམིགས་པ་མེད་པའི་ཐུགས་རྗེ་ཡིས།། ཉོན་མོངས་དྲང་ཞིང་གནས་ནསཱ་དགུག། ཉོན་མོངས་སྐྱེ་བ་སྦྱང་བའི་ཐབས་དེ་གང་།། སྟོན་པའི
7b2 སྟོན་པ་ཀུན་བཟང་གིས།། ཚེ་འདས་རིགས་ཀྱི་བུ་དེ་ཡང་།། དྲི་མ་རུས་པའི་རྟེན་དག་ལ།། རིན་ཆེན་ངར་དང་མཚོན་སྐུད་ཀྱིས།། ལེགས་པར་རིག་དྲུག་སྙིང་པོ་དགོང་།། ཡི་གེ་ཨ་ཧཱུཾ་དག་གིས།། རྒྱ་ཡིས་བཏབ་སྟེ
7b3 གུར་ཆེན་དབུས།། ཉོན་མོངས་སྤྱང་ཕྱིར་བཀུག་ལ་བསྟིམ།། ཡཻས་ཕྱག་རྒྱ་ཀུན་བཟང་གིས།། ཐུགས་ཀྱི་ཡི་གེ་ཧཱུཾ་སྟོན་ནས།། ཨ་ཡིས་བསྟིམ་སྟེ་ཕཊ་ཀྱི་སྦྱང་།། ཕཊ་ཀྱི་འོད་ཟེར་ནག་པོ་ཡིས།། ཉོན་མོངས་བྱེད།
7b4 བས་ཡིས་གསལ།། ཡིས་དེའི་བྱིན་བརླབས་ལས།། བྱང་ཆུབ་སེམས་དེ་ཡི་གེ་ཨ།། དམིགས་པ་མེད་པའི་ཆོས་ཉིད་བསྒོམ།། དེའི་ཁྱད་པར་ལྗོན་ལ།། ཉོན་མོངས་བྱང་སྟེ་ཡིས་གསལ།། རང་བཞིན་མེད་པའི
7b5 ཚེཆོ་སྐུ་ཐོབ། བར་དོའི་ཉོན་མོངས་སྤྱོད་བའི་ལེའུ་སྟེ། བརྒྱད་པའོ།། ། བསྡུད་པའི་གསང་བདག་རྡོ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། བར་དོའི་སེམས
7b6 ཉིད་དྲི་མ་མེད།། དག་པའི་རྟགས་དེ་ཅི་ཞིག་འབྱུང་།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས།། དྲི་མ་དག་པ་གསུམ་འབྱུང་སྟེ།། ཉོན་མོངས་པའི་དྲི་མ་དག་པ་ནི།། བྱུང་བའི་ཉོན་མོངས་དྲི་མ་དང་།། བྱུང་ནས་གནས་པའི




iiif viewer powered by OpenSeadragon

7a - 8a

Texts on this page

Gbr003.20 - rin po che srid pa bar ma do snang ba'i rgyud