| | e-texts navigator
|
4b1 ངུ་ཞིང་རྨོངས་མང་པོ་འདོན་པར་བྱེད།། ཞགས་ཐོགས་མཚོན་ཐོགས་མང་པོའི་གཤིན་རྗེ་ཡིས།། ད་འདོད་ཟེར་ཞིང་རྒྱབ་ནས་འཕུལ་བར་བྱེད།། ཚ་གྲང་དམྱལ་བའི་སྡུག་བསྔལ་མང་པོ་མྱོང་བར་སྟོན།།
4b2 སྲིད་པའི་འཁོར་ལོ་ཉིན་བདུན་མཚན་བདུན་བསྐོར།། རང་གི་སྡུག་བསྔལ་མང་པོ་ཞར་ལ་སྣང་།། བསྐལ་པར་བསགས་པའི་སྡུག་བསྔལ་སྟོན་པར་བྱེད།། རིགས་དྲུག་སྣང་བ་ཐ~ཾད་སྟོན་པར་འོང་།། རང
4b3 གི་མཚན་མོ་ནག་པོར་མཐོང་།། རང་གིས་ངུས་ནས་ཕ་བོས་མ་བོས་ཀྱང་།། མུན་ནག་ཆེན་པོར་རང་ཉིད་གཅིག་པོར་འཁྱམ།། སྲིད་པར་འཁྱམས་པའི་སྡུག་བསྔལ་མང་པོ་མཐོང་།། ལྷ་སྲིན་སྡེ་བརྒྱད་ཤ་དང
4b4 ཁྲག་ལ་ཟ།། ལུས་ཀྱི་དྲོད་དེ་སྤྱི་བོ་ནས་བཟུང་ནས།། རྐང་འཐིལ་བར་དུ་དྲོད་དེ་ཡལ་བར་བྱེད།། རང་གི་སྣང་བ་འཁྲུལ་པས་དམྱལ་བར་མཐོང་།། འཆི་བའི་ལུས་སུ་སྣང་བའི་ལེའུ་སྟེ། བཞི་པའོ།། །
4b5 བསྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། སྲིད་པ་བར་དོ་སྣང་བའི་ལུས་དེ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས།། བྱུང་བའི་བར་དོ་འབྱུང་།
4b6 བོའི་བར་དོ་དང་།། གནས་པའི་བར་དོ་རྣམ་པ་གསུམ་དུ་བྱུང་།། བར་དོ་ཕལ་ཆེར་ཐེབས་རེ་ཞག་ནི་བདུན་ལ་འབྱུང་།། བདུན་མཚོ་བདུན་ལ་བར་དོ་ཐིབས་རེ་འབྱུང་།། བར་དོ་རང་ལ་གནས་པའི་སྣང་ཚུལ་ནི།
iiif viewer powered by OpenSeadragon
4a - 5a