e-texts navigator
Collection
Volume
Page
Wylie

4a1 ཙ6། འཆིང་བར་སྣང་། ནུས་པ་ཟད་པའི་རྟགས་ནི་འདི་རྣམས་འབྱུང་།། འབྱུང་བ་ལྔ་ཡིས་བསྐྱེད་པའི་ལུས་ཡིན་པས།། སའི་ནུས་པ་ཟད་པས་སྐམ་པོར་འོང་།། ཆུའི་ནུས་པ་ཟད་པས་ལྕི་བར
4a2 འོང་མེའི་ནུས་པ་ཟད་པས་གྲང་བར་འོང་།། རླུང་གི་ནུས་པ་ཟད་པས་ལྡང་མི་ནུས།། ནམཁའི་ནུས་པ་ཟད་པ་སཽ་སྐྲག་མ་དངས་ཉམས།། འཆི་བ་ལྟ་བུའི་སྣང་བ་འབྱུང་བ་ཡིན།། དགེ་སྡིག་བྱས་པ་ལི་འཆི་བའི
4a3 སྣང་བ་གང་དགེ་བ་བྱས་པའི་སྣང་བ་འདི་རྣམས་འབྱུང་།། རང་གི་སྣང་བ་ལྷ་དང་ལྷ་མོ་ཡིས།། འདོད་ཡོན་མཆོད་པ་འབུལ་ཞིང་སྣང་བ་འབྱུང་།། ཁ་དོག་དཀར་པོ་འདི་དང་བཅས་པར་སྣང་།། ཞིང་ཁམས་མ་ལུས
4a4 གསལ་ཞིང་ཡི་དམ་གསལ།། བདེ་གཤེགས་སངས་རྒྱས་རྣམས་ཀྱི་སྲས་ཀྱི་དམ་པར་བྱེད།། ལྷ་དང་མཁའ་གྲོས་སྤུན་དང་གྲོགས་བོར་བྱེད།། གཤིན་རྗེ་ཤ་ཟ་མང་པོས་འཁུར་ཞིང་རྗེ་བོར་མཐོང་།། ལྷ་སྦྱིན
4a5 སྡེ་བརྒྱད་བྲན་དང་གཡོག་པོར་སྣང་།། དབུགས་ཀྱི་དྲོད་དེ་རྐང་ཐིལ་ནས་ཡུལ་ནས།། སྤྱི་གཙུག་ཚངས་པའི་གནས་སུ་བསྡུད་པར་བྱེད།། ཕྱིའི་དབུགས་དེ་རིང་དུ་རྒྱུ་བ་སས།། རྟོག་མེད་ན་མཁའི་དཔལ་སི
4a6 རྩེར་མཐོང་།། སྡིག་པ་བྱས་པའི་འཆི་བའི་སྣང་བ་དེ།། ཤ་ཟ་གཤིན་རྗེ་མང་པོ་མཐོང་བ་དང་།། མི་སྡུག་གཟུགས་ཉིད་སྣོགས་སྟོན་པར་བྱེད།། ཚེ་སྲོག་དབུགས་ཀྱིས་རྒྱལ་བར་མ་རྟོགས་ཏེ།།




iiif viewer powered by OpenSeadragon

3b - 4b

Texts on this page

Gbr003.20 - rin po che srid pa bar ma do snang ba'i rgyud