e-texts navigator
Collection
Volume
Page
Wylie

3b1 སུ་གྲུབ་པ་ཡིན།། གཞན་ལ་མི་ལྟོས་ཁྱད་པར་ཆེན་པོའི་ལུས།། རང་གི་ལུས་དེ་རང་གིས་དབང་ཐོབ་པོ།། རྒྱུ་རྐྱེན་བྲལ་བའི་ལུས་སུ་གྲུབ་པ་ཡིན།། སེཾ་ན་ལུས་དེ་ཡིས་ལུས་གྲུབ་པའོ།། ཡིས་ལུས་ཉིད་གྲུབ།
3b2 པའི་ཡོན་ཏན་ནི།། ལུས་དེ་རྒས་དང་ན་བ་མེད་པར་འོང་།། ལུས་དེ་ཡང་ཞིང་བཅོས་སུ་བཏུབ་པ་འོང་།། ཤི་བ་མེད་ཅིང་ཡིས་འཕོ་འཇུག་མེད།། དམིགས་པའི་ལུས་མེད་ལུས་དེ་ཙ་རི་ཡང་སྣང་།། སེཾ་ན་ལུསཾ་དེ
3b3 རྐྱེན་གྱིས་བུ་སྐབས་པར་འདོད།། ཡེས་ལུས་དེ་རྒྱུ་རྐྱེན་བྲལ་བའི་ལུས།། གཟུགས་མེད་ནམ་ཁའི་ལུས་ཀྱིས་བཟློག་པར་བྱེད།། གཟུགས་ཁམས་འོད་ལས་གྲུབ་པའི་དངོས་པོ་དེ།། གཟུགས་དེ་ཐོག་མེད་ཡིས
3b4 འོད་ཀྱི་ཟློ་ག་ལུས་མེད་ལུས་དེ་ལུས་ཀྱི་མཆོག་ཆེན་པོ།། ལུས་ཀྱི་མཐའ་ཉིད་རྟོགས་པས་ལུས་ཀུན་རྫོགས།། གཟུགསུ་བཟུང་བའི་ལུས་དེ་འཁྲུལ་ལུས་པོ།། སངས་རྒྱས་ཀུན་གྱིས་རྟོགས་པའི་ལུས་ཆེན་པོ
3b5 སེམ་ལུས་ཀྱི་ཡེས་མ་འཁྲུལ་བར་བསྟན་པའི་ལེའུ་སྟེ། གསུམ་པའོ།། ། བསྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། སེཾན་ལུས
3b6 སུ་གྲུབ་པ་ཐ~ཾད་ལ།། མི་རྟག་འཆི་བའི་ལུས་དེ་སྣང་ཚུལ་གང་།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སེཾ་ན་ལུས་སུ་གྲུབ་པ་ཐཾད་ལ།། རྒྱུ་དང་རྐྱེན་གྱིས་བསྐྱེད་པ་ཡིན་པས་ན།། རྒྱུའི་ནུས་པ་ཟད་པས




iiif viewer powered by OpenSeadragon

3a - 4a

Texts on this page

Gbr003.20 - rin po che srid pa bar ma do snang ba'i rgyud