e-texts navigator
Collection
Volume
Page
Wylie

2b1 ཉིས་སྣ་ང་ཁ་ས་ཀ་རང་གི་ལུ་ས་དེ་གྲུབ་པར་མཐོང་།། མཐོང་བའི་འདུན་པས་སྣང་བའི་ལུས་བ་ཙ་ལ་ནས།། ཁུ་བ་ཁྲག་ལ་ས་ལུས་ཉིད་གྲུབ་པར་མཐོང་།། མཐོང་བའི་ཤེས་པས་བལྟས་པ་འ་བ་ག་ཆགས་ཀྱིས།།
2b2 ཆ་ག་ས་རང་སྣང་ལུས་དེ་བསྐྱེད་པར་སྣང་།། སྣང་བའི་ཤེས་པས་དངོས་སུ་ཡོད་པར་གྲུབ།། ནར་ནར་ཆུར་ནུར་རྐུས་པས་ལུས་ཉིད་བསྐྱེད་པར་གནས།། ལྟར་ལྟར་ཏུར་ཏུར་ལུས་ཀྱི་གཞི་རུ་གྲུབ།། གར་གར་གོར་གོར
2b3 ལུས་ཀྱི་དངོས་པོ་རི་ཆགས།། བསྡུད་པའི་ལྟེ་བར་དྲི་ཟ་ཉེ་འཁོར་ལུས།། དབང་པོ་ཡན་ལག་ཚང་བའི་ལུས་སུ་གནས།། ལུས་སུ་སྨིན་པའི་འབྲས་བུ་སྡུག་བསྔལ་བཅུ་གཉིས་མྱོང་།། དོགས་པའི་སྡུག་བསྔལ་ཉི།
2b4 མེད་དམྱའ་བ་འདྲ།། དབང་པོ་ཡ་ན་ལག་སྟུག་བསྔལ་ཁྱད་པར་རེ།། རྣམ་ཤེས་དབང་པོ་སྡུག་བསྔལ་ལྷག་པ་རེ།། འདུན་པའི་འདོད་ཆགས་དག་གི་སི་ལུས་ཉིད་གྲུབ།། ཕ་ལ་ཞེ་སྡང་སྐྱེ་ཞིང་མ་ལ་འདོད་ཆགས་སྐྱེ
2b5 རིག་པ་ཕོའི་ལུས་སུ་གྲུབ་པའི་རྟགས།། མ་ལ་ཞེ་སྡང་སྐྱེ་ཞིང་ཕ་ལ་ཆགས་པ་སྐྱེ།། རིག་པ་མོའི་ལུས་སུ་གྲུབ་པའི་རྟགས།། ལུས་ཉིད་མཐོང་བ་མངོན་དུ་རྒྱས་པས་ན།། འཁྲུལ་བ་མ་རིག་བཞི་བརྒྱ་རྩ་བཞི་འོ།
2b6 སྡུག་བསྔལ་བཞི་བརྒྱ་རྩ་བཞི་བྱུང་།། སེམས་ཅན་ལུས་སུ་གྲུབ་པ་བསྟན་པའི་ལེའུ་སྟེ། གཉིས་པའོ།། ། བསྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན




iiif viewer powered by OpenSeadragon

2a - 3a

Texts on this page

Gbr003.20 - rin po che srid pa bar ma do snang ba'i rgyud