| | e-texts navigator
|
2a1 བརྗོད་མེད་མི་བརྗོད་དབྱེར་མེད་བསྟན་པའོ།། རིན་པོ་ཆེ་སྲིད་པ་བར་མ་དོ་སྣང་བའི་རྒྱུད་ལས། གླིང་གཞིའི་ལེའུ་སྟེ། དང་པོའོ།། ། བསྡུད་པའི་གསང་བདག་རྡོ་རྗེ
2a2 སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀན་ཏུ་བཟང་པོ་ལ།། ལུས་མེད་ལུས་སུ་གྲུབ་པའི་སེམས་ཙན་ལུ་སཱ།། དང་པོ་ལུས་འདི་རྒྱུ་ཉིད་ཅི་ལས་བྱུང་།། བར་དུ་བསྐྱེད་པའི་བསྐྱེད་ལུགསྭ་རྫི་ལྟར་བྱུང་།། ཐ་མ
2a3 ལུས་ཀྱི་འཁྲུལ་པ་ཇི་ལྟར་རྒྱས། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། དང་པོ་ལུས་མེད་ལུས་ཀྱི་རྒྱུ་འདི་ནི།། རང་བྱུང་ཡིས་མ་འགགས་དགེ་ལས་བྱུང་།། བར་དུ་ལུས་ཀྱི་རྒྱུ་འདི་ནི།། ཡིས་གཟུགས
2a4 ཀྱི་ཡོན་ཏན་ལས།། ཟེར་གྱི་ཡན་ལ་ཨ་འོད་སྣང་ལུས།། ཐ་མར་ལུས་ཀྱི་རྒྱུ་འདི་ནི།། རྒྱུའི་ལུས་དང་རྐྱེན་གྱི་ལུས།། རྒྱུའི་ལུས་ནི་རྣམ་གཉིས་དེ།། རང་གི་རྒྱུ་དང་འཚོགས་པའི་རྒྱུ།། རང་གཱི་རྒྱུའི་ལུས་ལཱ་ཡང
2a5 རིག་པ་འགག་མང་འོད་ཀྱི་སུས།། རྐྱེན་གྱི་ལུས་ལ་རྣམ་གཉིས་ཏེ།། འདུན་པའི་སྒོ་ནས་ལུས་བཙལ་ཏོ།། བཟང་ངན་མེད་པའི་ལུས་དག་ལ།། ཐོབ་པའི་འདུ་ཤེས་སྐྱེས་པ་ཡི།། འདུག་པའི་སེམས་ཀྱིས
2a6 ཁཙལ་ཏེ་འཇུག་པ་རྒྱུ་འཐུན་སྣང་བ་ཕ་མར་མཐོང་།། ཕའི་རྡོ་རྗེ་བྱང་སེམས་ལས།། རང་གི་ལུས་དེའི་རྒྱུ་རུ་མཐོང་།། མའི་རིན་ཆེན་པཔྤ་ལས།། གནས་ཀྱི་སྒོ་ནས་བསྐྱེད་བྱར་མཐོང་།། བསྐྱེད་རྒྱུ་བ་སྐྱེད་ན
iiif viewer powered by OpenSeadragon
1b - 2b