e-texts navigator
Collection
Volume
Page
Wylie

13a1 ལ་གཏད་པ་ཡིན།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། ཆོ་སྐུ་སྤྲོས་དང་བྲལ་བ་དེ།། རང་བྱུང་ཡིས་ཆེ་ལ་གཏད།། རང་བྱུང་ཡིས་ཆེན་པོ་དེ།། ། ཟེར་གྱི་ཀུན་བཟངས་ཆེ་ལ་གཏད།། ཟེར་གྱི་སྟོན
13a2 པ་ཀུན་བཟངས་དེས།། སྟོན་པ་ཀུན་བཟངས་ཆེ་ལ་གཏད།། སྟོན་པ་ཀུན་བཟངས་ཆེན་པོ་དེས།། བསྡུད་པའི་གསང་དབང་ཆེ་ལ་གཏད།། བསྡུད་པའི་གསང་དབང་ཆེན་པོ་དེས།། རིགས་ཀྱི་སྤྲུལ་སྐུ་རྣཾས་ལ་གཏད།། རིཊ་ཀྱི་སྤྲུལ
13a3 སྐུ་དེ་རྣཾས་ཀྱིས།། ལྷ་དང་མཁའ་གྲོ་རྣས་ལ་གཏད་།། ལྷ་དང་མཁའ་གྲོ་མང་པོ་དེས།། འཇིག་རྟེན་མི་ལ་བསྐལ་མེད་པས།། མཆོད་པའི་རྟེན་དུ་རབ་མཐོང་སྟེ།། བཱི་དུརྱའི་གླེགས་བམ་ལ།། རིན་ཆེན་གསེར་གྱི་ཞུན་མས་བྲྀ་སི
13a4 རིན་ཆེན་སྣ་ལྔའི་སྒོམ་བཅུག་སྟེ།། ཡི་གེ་ཧཱུཾ་གིས་རྒྱས་བཏབ་ནས།། རང་བྱུང་མཆོད་རྟེན་ཆེ་ལ་གཏད།། ལྷ་དང་མཁའ་འགྲོ་མང་པོ་ཡིས།། ལས་དང་དམ་ཚིག་ཅན་དང་སྤོད།། རིན་པོ་ཆེ་སྲིད་པའི་བར་མ་དོའི་རྒྱུད་ལས།
13a5 བར་ངོ་སྦྱང་བའི་ཐབས་ཀྱི་མན་ངག་གི་ལེའུ་སྟེ། བཅུ་དྲུག་པའོ།། ། རིན་པོ་ཆེ་སྲིད་པ་བར་མདོ་སྡང་བའི་རྒྱུད་རྫོགས་སོ།།




iiif viewer powered by OpenSeadragon

12b - 13b

Texts on this page

Gbr003.20 - rin po che srid pa bar ma do snang ba'i rgyud