e-texts navigator
Collection
Volume
Page
Wylie

11b1 དཔའ་ཡིས། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ལུས་འཕོས་སེཾན་དེ་དག་ལ།། སྲིད་པའི་ཐལ་བ་སྦྱང་བ་ཇི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། འབྱུང་བ་ལྔ་ལས་བསྐྱེད་པའི་ལུས།། ཡིས་འབྱུང།
11b2 པྲ་ལྔའི་ས་སྦྱང་བར་བྱའོ།། ཡཻ་སྭ་འབྱུང་བ་ཆུ་ཡིས།། ཁྲག་ཆེན་སྣང་བ་མཐའ་ཡས་སྐུ།། ཐ་དད་མེད་པར་སྦྱང་བར་བྱའོ།། སྣང་བ་མཐའ་ཡས་སྙིང་པོ་ཡིས།། ཐལ་ཆེན་ཆུ་ལ་རབ་བཏབ་སྟེ།། སྣང་བ་ཆེན་པོའི་སྐུ་རུ་བསྐྱེད
11b3 ཚིལ་ཆེན་མེ་ལ་རབ་བཏབ་སྟེ།། རིན་ཚོན་འབྱུང་ལྡན་སྙིང་པོ་ཡིས།། རྒྱལ་བའི་སྐུ་རུ་བསྐྱེད་པར་བྱ།། རུས་ཆེན་ས་ལ་རབ་བཏབ་སྟེ།། རྡོ་སེ་ས་དཔའི་སྙིང་པོ་ཡིས།། རྒྱལ་བའི་སྐྲ་རུ་བསྐྱེད་པར་བྱ།། རྩ་ཆེན་དྲུག
11b4 ལ་རབ་བཏབ་སྟེ།། དྲོན་ཡོད་གྲུབ་པའི་སྙིང་པོ་ཡིས།། འཕྲིས་རྒྱལ་བར་བསྐྱེད་པར་བྱ།། ཤ་ཆེན་མཁའ་ལ་རབ་བཏགས་ཏེ།། རྣམ་པར་སྣང་མཛད་སྙིང་པོ་ཡས།། རྒྱལ་བའི་སྐྱུ་རུ་བསྐྱེད་པར་བྱ།། ལུས་ཉིད
11b5 བསྲེགྲུ་པའི་ཐལ་བ་ཡིས།། འབྱུང་ཆེན་ལྔ་ཡི་རྒྱུ་དག་ལས།། བདེ་གཤེགས་ཀུན་ཏུ་བཟང་པོ་ཡིས།། སྙིང་པོ་བརྗོད་པས་སྐུ་རུ་བསྐྱེད།། ཉོན་མོངས་མ་སྤངས་དག་པའི་རྟགས།། རིགས་ཀྱི་གཙོ་བོ་ལྔ་རུ་བསྐྱེད།།
11b6 ཡིས་རྣཾ་ལྔས་ཐོབ་པའི་རྒྱུ།། འབྱུང་ཆེན་རྣ་ལྔ་དག་པའི་རྟགས།། གཉིས་མེད་རྒྱལ་བའི་སྐུ་ཆེན་པོ།། ཚེ་འདས་ཐལ་ཆེན་སྦྱངས་པས་ཚོགས་པས་གྲ་པའི་ལེའུ་སྟེ། བཅུ་གསུམ་པའོ།། །




iiif viewer powered by OpenSeadragon

11a - 12a

Texts on this page

Gbr003.20 - rin po che srid pa bar ma do snang ba'i rgyud