| | e-texts navigator
|
10b1 བརྗོད་དང་བྲལ་བའི་ཆོས་ཉིད་བསྒོམ།། ཐུག་རྗེ་ཐབྲ་ཀྱི་བསྒོམ་པ་ནི།། ཆོས་རྣཾས་ཐད་སྣང་བ་སྟེ།། སྣང་བ་ཐད་དེ་མིང་ཆགས།། མིང་ལ་རྟེན་ནས་ཉོན་མོངས་སྟེ།། ཉོན་མོངས་དེ་རྣམས་བཟློག་པའི་ཕྱིར།། རང
10b2 བྱུང་ཡེས་རིག་པ་དེ།། མ་བཙལ་མི་བསྐྱེད་ཡུལ་ལས་བཟློག། འབྱེད་པ་མེད་པའི་ཡིས་ཀྱིས།། ཆོས་རྣམས་ཐཾད་མཉམ་པཱ་ར་བཞག། བར་དོའི་སྤྱོད་པས་སྦྱང་བ་མེད།། ཚེ་འདས་པའི་རིག་པ་དེ།། ཞག།
10b3 བདུན་དག་ནས་ལུས་ལ་འཇུག། ལུས་དེ་རྐྱེན་ཉིད་མ་འཛིན་པས།། སྲིད་པའི་སྡུག་བསྔལ་དེ་ཉིད་སྦྱང་བའི་ཕྱིར།། ཚེ་འདས་རིག་པའི་ཤེས་པ་དགུ་གོ། དྲི་མོ་མིང་དང་རུས་བྲིས་ལ།། བསྟིམ་ཏེ་སྐྱབས་འགྲོ།
10b4 ལུས་དབུལ་བྱ།། ཡུས་ཀྱི་སྣག་སྒྲིབ་སྦྱང་བའི་ཕྱིར།། སངས་རྒྱས་བྱེ་བ་དཔག་མེ་དྲ་ལ།། ལུས་དབུལ་ངག་བརྗོད་སོ་ས་གདུང་ལ། མཚན་གྱི་སྟོན་མང་པོ་བརྗོད།། ལུས་ངག་ཡིད་གསུཾ་དག་པ་ཡིས།།
10b5 རྫུས་ཏེ་སྐྱེ་བའི་ལུས་ཉིད་ཐོ་བ།། སྦྱིན་དལ་མཆོད་པ་མང་པོ་ཡིས།། ལུས་ངག་དགེ་བ་ནི་ནུས་བྱ།། ད་མི་གླ་པ་མེ་པའི་ཆོ་གསུ་བསྔོ།། ཞག་ནི་བདུན་མཚོ་བདུན་དྲག་ཏུ།། ཞག་གི་དགེ་བ་མ་ནུས་བྱ།། རང་བཞི
10b6 གནས་པའི་སེས་སྦྱང་བ།། ཏིང་ངེ་འཛིན་བརྒྱ་ནི་རྩ་བརྒྱད་ཀྱིས།། སྦྱངས་པས་འབྲས་བུ་ཐོབ་པ་ཡིན།། སྟོན་བརྒྱ་ནི་རྩ་བརྒྱད་ཐོབ།། སངས་རྒྱས་ས་ལ་ལྷུན་གྱིས་གྲུབ། སེམས་རྣམ་པར་སྦྱང་བའི་ལེའུ
iiif viewer powered by OpenSeadragon
10a - 11a