e-texts navigator
Collection
Volume
Page
Wylie

10a1 སྙིང་པོ་དེ།། རིག་མེད་ནམ་ཁར་ཡོད་པ་ལ།། གཡོས་པ་མེད་པའི་སྐྱོན་ལས།། རིག་པའི་ཟེར་ཚོགས་འབུམ་བྱུང་བས།། སྣ་ཚོག་རིག་པར་འགྱུས་པ་ཡིན།། འཁྲུལ་པའི་རིག་པ་འདུ
10a2 ཚོ་གྲ་ཤཱ་རཿཐོག་མའི་རིག་པ་བཟློག་པའི་ཕྱིར།། རིག་མེད་ངང་དུ་བསྒོམ་པར་བྱའོ།། པར་དོའི་སེཾ་ས་ཉིད་སྦྱང་བའི་ཕྱིར།། རང་ཉིད་རྨུགས་པར་གྱུར་པ་ལ།། ཁྱད་པར་ཅན་གྱི་བླ་མས་སྦྱང་།། ལྟ་བ་སྤྱོད་པ་སྒོམ་པ་ཡཾ
10a3 སྦྱངས་ཏེ་ལ་མུ་ལ་བཞུག་པར་བྱ།། ལྟ་བས་སྦྱངས་པ་རྣམ་གསུམ་དེ།། ཆོས་ཉིད་ལྟ་བས་སྦྱང་བ་ནི།། ཆོས་རྣཾས་ཐ~ཾད་ཆོས་སྐུ་སྐྱེ།། འཁོར་བ་མྱ་ངན་འདས་པ་དང་།། ཕྱི་དང་ནང་མེད་ཆོས་ཀྱི་སྐུ།། བཅོསུ་མེད་དེ
10a4 ན་མ་ཁ་འོ། ཡཻས་ལྟ་བས་སྦྱང་བ་ནི།། ཆོས་སྐྱེ་ཐཾད་ཅིག་པ་ལ།། འདོད་འདི་མེད་ན་ཡིས་སོ།། རྒྱུ་དང་འབྲས་བྱ་ཐཾ་ཀུན།། རིག་པ་མེད་པའི་ཡིས་ཡིན།། ཐུག་རྗེའི་ལྟ་བས་སྦྱང་བ་ནི།། ང་དང་བདག་ཏུ་སྣང་བ
10a5 ཀུན་ཐ་དད་མེད་པའི་ཐུགས་རྗེ་ཡིས།། རིག་པའི་ཡིས་ལས་ལ་བཟུང་།། སྒོམ་པས་སྦྱང་བའི་ཐབས་དེ་ནི།། ཆོས་ཉིད་སྟོང་པས་སྦྱང་བ་ནི།། རྟོག་དང་མི་རྟོག་གཉིས་མེད་དེ།། མཚན་མའི་རྣམ་རྟོག་ཅི་བྱུང
10a6 ཡང་རྟ་བརྗོད་དུ་མེད་པའི་ནམཁའ་ལ།། མིང་དང་བྲལ་བར་སྒོམ་པར་བྱ།། ཐབས་ཀྱི་སྒོམ་པས་སྦྱང་བ་ནི།། མཚན་མའི་རྣམ་རྟོག་ཐཾད་ཀུན།། ཡིད་ཀྱི་རྣམ་ཤེས་དག་ལས་བྱུང་།། ཡིད་ཀྱི་རྣམ་ཤེས་རྒྱུན་བཅད་ཏེ།




iiif viewer powered by OpenSeadragon

9b - 10b

Texts on this page

Gbr003.20 - rin po che srid pa bar ma do snang ba'i rgyud