| | e-texts navigator
|
3a1 ཀུན་བྲལ་ནས། རྣམ་གྲོལ་རྫོགས་པའི་ས་ལ་སྦྱོར།། སྟོད་པའི་མཐའ་ལ་ཞེན་པ་དང་།། བདེ་བའི་འདོད་ལ་ཆགས་པ་དང་།། བཏང་སྙོམས་དོན་ལ་གང་ཞེན་པ།། ལོག་པའི་གྲོང་ཁྱེར་ཆེན་པོ་ཡིན།། གང་ཡང་ཞེན
3a2 པ་མེད་པ་ནི།། གང་ཡང་བྱ་བ་སྙིང་པོའི་ལམ།། བར་ཆད་མེད་པའི་ཐབས་ཆེན་ནི།། སེམས་ཉིད་རྫོགས་པའི་ལམ་ཡིན་ནོ།། རང་སེམས་བྱང་ཆུབ་སྙིང་པོ་ལས།། གཞན་མེད་ཐིག་ལེ་བཅིག་པའི་ཕྱིར།། གཉིས་མེད་གསང་བའི་རང་བཞིན་དག།
3a3 ཁྱབ་པ་ཆེན་པོའི་ཚུལ་དུ་བཞུགས།། ཀུན་འདུས་རིག་པ་སེམས་ཀྱི་གཏེར།། མ་བཙལ་ཐབས་ཀྱིས་གྲུབ་པ་ཡིན།། དབང་བསྒྱུར་ཡིས་རྒྱལ་པོ་ལ།། མ་ཆགས་ཐབས་ཀྱི་སྦྱོར་བ་ཡིས།། གང་ལྟར་གནས་པ་དེ་ལྟར་གནས།།
3a4 མ་ཁ་ཅོས་རང་བཞག་ཐབས་ཀྱི་གོ།། ཕྱག་རྒྱ་ཆེན་པོར་ཀུན་གནས་པས།། བསྐྱེད་ཅིང་སྒོམ་ལ་རག་མ་ལུས།། བརྗོད་བྲེལ་སྙིང་པོ་མཐར་ཕྱིན་པས།། སྔགས་དང་ཁོ་དོན་བྱ་ལྔས་འདས།། དུས་གསུམ་མི་འགྱུར་བསྟན་པའི
3a5 ཕྱིར་ཏུ་ཆ་ཤས་དབེན་པའི་ངོ་བོས་བསྟོན།། སྐུ་མཆོག་འོད་དཔག་མེད་པའི་ཀློད། མཚན་དང་དཔེ་བྱད་ཆ་ལས་འདས།། མཚན་མའི་སྒྲོ་སྐུར་ཀུན་ཞི་ཡང་།། ཡེ་ཤེས་འབར་བའི་འོད་ཀྱིས་མཛེས།། རྒྱལ་པོ
3a6 ཐབས་ཀྱི་མཛད་པ་ལྟར། མ་བྱས་ཐབས་ཀྱིས་དོན་རྣམས་རྫོགས།། ཞེས་གསུངས་སོ།། ཀུན་འདུས་འོད་ཀྱི་གཏན་ཏྲ་ལས།། སྒྲོ་སྐུར་མེད་པའི་ལེའུ་སྟེ་དང་པོའོ།།
iiif viewer powered by OpenSeadragon
2b - 3b