| | e-texts navigator
|
3a1 རྟོགས་པ་གཞན་ལས་རག་ལས་མེད།། སྒོམ་མེད་ཕུན་སུམ་ཚོགས་པར་བཤད།། འདོད་པའི་དོན་འབྱུང་རིན་པོ་ཆེ།། ཡོན་ཏན་ཕུན་སུམ་ཚོགས་པར་བཤད།། འཁོར་བ་བརྡར་བཅད་ཡིས་ནི།།
3a2 འཁོར་འདས་ཕུན་སུམ་ཚོགས་པར་བཤད།། སངས་སྐྱེས་ཐུགས་ཀྱི་སྙིང་པོའི་བཅུད།། ཡེ་ས་རང་བཞིན་རྟོགས་པར་གྱིས།། ཞེས་གསུངས་པ་དང་། སེམས་ལྷ་གཅན་གྱིས་འདི་སྐད་ཅེས་གསོལ་ཏོ།། སྐ་གསུང
3a3 ག་པའི་བྱིན་པ་རླབ་ས་ཏེ།། སྐ་ལྡན་དོན་དུ་ཇི་ལྟར་འཆར།། ཅེས་གསོལ་པ་དང་། བཅོམ་ལྡན་འདས་མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ། ཡིད་བཞིན་ནོར་བུའི་དགོས་འདོད་བཞིན།། ཐུགས་རྗེའི་བྱིན་བརླབས་རིམ
3a4 རྒྱུད་པས།། སྟོན་པའི་གསུང་དུང་བྱིན་བརླབས་ཀྱིས།། རང་སྣང་ཉི་མ་ལྟ་བུར་གསལ།། གསལ་བྱེད་རིན་ཆེན་སྣང་བ་འདི།། མཐའ་ཡས་སེམས་ཅན་ཐ~ཾ་ལ།། མཉམ་པའི་ཚུལ་གྱིས་གནས་མོད་ཀྱང་།། སྐ་ལྡན་སྣོད།
3a5 ལྡན་རྣལ་འབྱོར་པ།། ཐུགས་རྗེའི་བྱིན་བརླབས་ཤུགས་ཀྱིས་ཤར།། རིན་ཆེན་སྣང་བ་རང་འབར་འདི།། འགྲོ་བའི་བླ་མ་འདས་གྱུར་ཡང་།། འགྲོ་བའི་མོས་པ་ལ་གནས་ནས།། མོས་པའི་རྣལ་འབྱོར་ཡང་རབ་ལ།
3a6 སྙིང་པོ་བསྒོམ་དུ་མེད་པར་བཤད། གཏིང་ལྟར་མི་གས་ལ་རིན་པོ་ཆེ།། སྐ་ལྡན་རྣལ་འབྱོར་མོས་འཇུག་གིས།། རྟོག་མེད་མཐོང་བའི་ལམ་རྟོགས་དང་།། བགྲོད་མེད་འབྲས་བུ་རང་སྣང་ཡིན།། སྣང་བ་གསུམ་གྱི
iiif viewer powered by OpenSeadragon
2b - 3b