| | e-texts navigator
|
2b1 གསེར་སྒྲོན་ལྟ་བུར་བཤད།། རང་བཞིན་ངོ་བོ་ཐུགས་རྗེ་ནི།། སྟོན་པ་ཕུན་སུམ་ཚོགས་པར་བཤད།། འདས་དང་མྲ་བྱོན་ད་ལྟར་ནི།། དུས་ནི་ཕུན་སུམ་ཚོགས་པཱར་བཤད།། ཐ~ཾར་སྡུད་དང་ཁྱད་པར་འཕགས།
2b2 ཁང་བཟངས་སྤྲུལ་པ་བཞུགས་པ་ནི།། གནས་ནི་ཕུན་སུམ་ཚོགས་པར་བཤད།། རང་རྒྱུད་འབྲེལ་དང་དོན་གྱིས་ཅིག། འདོད་པས་བསྡུས་པའི་འཁོར་རྣམས་ནི།། འཁོར་ནི་ཕུན་སུམ་ཚོགས་པར་བཤད།
2b3 གཅིག་དང་འབྲེལ་དང་གཏན་ལ་འབེབས།། མ་ཚང་མེ་ད་དང་དགོས་པ་ཚང་།། རྒྱུད་ནི་ཕུན་སུམ་ཚོགས་པར་བཤང་།། ཅི་ཡང་མ་ཡིན་བྱང་ཆུབ་སེམས།། བརྩི་སྔ་བས་བློ་དང་བྲལ་བ་ནི།། ལྟ་བ་ཕུན་སུམ
2b4 ཚོགས་པར་བཤད།། ཡིས་རྒྱུན་ལ་བར་མ་ཆད།། དོན་ལས་གཞན་དུ་མ་བཀོལྟོ་བ།། ཏིང་འཛིན་ཕུན་སུམ་ཚོགས་པར་བཤད།། བྱ་བའི་སྤྱོད་པ་རྣམ་དག་ཅིང་།། བླང་དྲང་དོར་བ་རྣམས་དག་ནི།། སྤྱོད་པ
2b5 ཕུན་སུམ་ཚོགས་པར་བཤད།། ཡིས་དྲི་མ་མེད་པ་ལ།། རེ་དོགས་བློ་དང་བྲལ་བ་ནི།། འབྲས་བུ་ཕུན་སུམ་ཚོགས་པར་བཤད།། ཡིས་གང་དུ་རྒྱམ་ཆད།། ཐཾད་འབྱུང་བའི་གཞིར་གྱུར་པ།། གཞི་ནི་ཕུན་སུམ
2b6 ཚོགས་པར་བཤད།། ཐད་ཀུན་ཏུ་མ་སྒྲིབས་ཅིང་།། ཡིས་རང་དུ་སྣང་བ་ནི།། ཡིས་ཕུན་སུམ་ཚོགས་པར་བཤད།། རྟོགས་པ་གཞན་གྱིས་གཡོག་ཏུ་མེད།། སྙིང་པོ་ཕུན་སུམ་ཚོགས་པར་བཤད།།
iiif viewer powered by OpenSeadragon
2a - 3a