e-texts navigator
Collection
Volume
Page
Wylie

27b1 ཐོས་པར་མི་རིགས་བརྡའ་ཚིག་ཀུན་དང་བྲལ།། མ་བྱས་མ་བསྒྲུབས་མ་བརྩལ་ལྷུན་གྱིས་གྲུབ་པའི་ངང་།། རང་གསལ་མ་བཅོས་རིག་པ་གང་ཡང་མིན།། ཐིག་ལེ་འཕྲོ་འདུ་མ་ཡིན་བདག་ཉིད་ལྷུན་གྱིས་གྲུབ།།
27b2 ཕྱོགས་བྲལ་ལྷུན་གྲུབ་འོད་གས་ལ་རིག་པ་རང་བྱུང་དབྱིངས།། རྩོལ་འཇོམས་མི་གནས་གསལ་བའི་མར་མེ་འདྲ།། བསྟན་པའི་རྒྱལ་པོ་ཡང་གསང་རིག་པའི་གཏེར་ལ་འདུད།། དེ་ནས་གས་ང་བའི་ཡང
27b3 གཏེར་འདི།། རིན་ཆེན་གསལ་བའི་གླེགས་བཾ་འདི།། སྟོན་པ་རྡོ་རྗེ་སེམས་དཔའ་ཡིས།། གསལ་བའི་རིག་པ་རྒྱས་གཏབ་ནས།། མཁའ་དཀྱིལ་སྦས་པ་ལྷ་དབང་གིས།། སྤྱིས་བླངས་ཡང་དག་དབང
27b4 ཐོབ་ནས།། སྤྲུལ་པ་ཉིད་ལ་རབ་ཏུ་བཤད།། དེ་ནས་རྡོ་རྗེ་གདན་སྟེངསུ།། ཡང་སྤྲུལ་ཐུགས་ཀྱི་སྲས་རྣམས་ལ།། རྒྱལ་ཐབས་མྦྷི་བླ་བས་དབང་བསྐུར་ནས།། མ་ཁགྲོད་རྟོག་པའི་འཇིམ་ལས་བསྒྲལ
27b5 རྣམ་གྲོལ་ས་ལ་བདེ་བར་གཤེགས།། དེ་བཞིན་འོད་གསལ་རྣལ་འབྱོར་ལ།། ཤེས་རབ་དག་པས་མཉམ་སྦྱར་ན།། རྫོགས་ཆེན་ལྷུན་གྲུབ་ས་ལ་སྦྱོར།། གང་ཞིག་དད་པས་འཛིན་ཀློག་པ།།
27b6 བསོད་ནམ་ས་བརྗོད་པར་མི་ནུས་ཏེ།། བསྐལ་པ་ངན་པའི་ཡུལ་མིན་པས།། སྲོག་དང་བྲལ་བའི་ཁ་བཞིན་བྱ།། རྒྱལ་ཚབ་ངེས་པ་ཅིག་ལ་གཏད།། སྦས་པ་ཐུགས་ཀྱི་ཉི་མ་འདི།། ལང




iiif viewer powered by OpenSeadragon

27a - 28a

Texts on this page

Gbr003.18 - byang chub kyi sems rdzogs pa chen po ye shes bdun 'byung ba'i rgyud