| | e-texts navigator
|
27a1 86ཁྱེད་དེ། ཁ་དོན་བྲི་དང་མཆོད་པ་ཡང་།། མ་བྱས་དངོས་གྲུབ་མཆོག་ཏུ་འགྱུར།། ཇི་ལྟར་བཙོལ་བའི་རྣམ་གྲངས་དག། དེ་སྲིད་ལོག་པའི་གྲོང་ཁྱེར་དེར།། མ་བརྩལ་མ་སྦྱངས་གདོད་ནས་དག
27a2 ང་པོར་གེ་པའི་ཕྱག་རྒྱ་ཅན།། གསང་བའི་འོད་གས་ལ་ཀློང་ལ་འཇུག། བརྗོད་བྲལ་སྒྲའི་དཀྱིལ་འཁོར་ལ།། ལྡན་བྲལ་རིག་པའི་ཚུལ་གྱིས་གས་ལ།། གསལ་བ་ཉིད་ན་མི་དམིགས་པ།། རྟོག་བྲལ་ནམཁའི
27a3 དབྱིངས་ཀྱི་ལུང་།། འདི་ཞེས་བསམ་ཞིང་དམིགས་པ་མེད།། ཇི་ལྟར་གནས་པ་དེ་བཞིན་གནས།། རང་བཞག་རིག་པ་ཡེངས་མེད་ཀློང་།། ཕྱོགས་མེད་ཡིས་ཁྱབ་པར་གསལ།། གཉིས་མེད་ན་མཁའི
27a4 དབྱིངས་ལྟར་གསལ།། ཡེ་ས་བདུན་འབྱུང་བའི་རྒྱུ་དུ་ལས། ཡིས་གྲུབ་པའི་ལེའུ་སྟེ། བདུན་པའོ།། རྠཿ། དེ་ནས་གསང་བའི་བདྲག་པོ་འཁོར་བསམ་གྱིས་མི་ཁྱབ་པ་དང་བཅས་པས
27a5 རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་བཅོམ་ལྡན་འདས་རང་གསལ་ལྷུན་གྱིས་གྲུབ་པས་བརྩལ་ཁ་ཀུན་དང་བྲལ།། བསམ་མེད་བཤད་འཛིན་བྲལ་བས་དགོངས་པ་དམ་པ་མཆོག། མི་ཡང
27a6 མི་བྱ་མི་བསམ་བསམ་པ་རྟོག་པའི་རྒྱུན།། དགོངས་པས་རང་བྱུང་ལྷན་གྲུབ་ཁྱོད་ཕྱག་འཚལ།། བལྟར་མེད་སྤྱད་མེད་ཡེ་ནས་དེ་བཞིན་ཉིད།། བལྟ་བའི་རྒྱལ་པོ་ཕྱག་འཚལ་གཉིས་མེད་ཁྱོད་ལ་འདུད།།
iiif viewer powered by OpenSeadragon
26b - 27b