| | e-texts navigator
|
26b1 ལེའུ་སྟེ། དྲུག་པའོ།། ། ཀ་ཀྱཻ་སེམས་དཔའ་ཆེན་པོ།། རང་བཞག་རིག་པ་དགོངས་པ་ཡིས།། ཇི་བཞིན་མངོན་དུ་གསལ་བྱས་ནས།། རིན་ཆེན་འབར་བའི་འོད་གསལ་བ།། སེམས་ཀྱི
26b2 དཀྱི་ཁྭ་འཁོར་འབར་བ་བྱེད།། འཛིན་བྲལ་རིག་པའི་ཆོས་དབྱིངས་ལས།། བསམ་མེད་འགྱུར་མེད་མཁའ་ལྟར་གནས།། བསམ་གྱིས་མི་ཁྱབ་ཆོས་ཀྱི་དབྱིངས།། གང་དག་བྱིས་པའི་འདུ་ཤེས་ཀྱིས།། རང
26b3 བྱུང་རིག་པ་ཡིས་ལ།། བསམ་བྲལ་རིག་པའི་མཚན་ཉིད་དེ།། བསྟན་པ་ཉིད་ཀྱི་གོ་བར་ཟད།། དངོས་གྲུབ་རིན་ཆེན་འོད་ལྟར་འབྱུང་།། ཟད་མེད་འཕྲ་བཀོལ་མཁའ་དབྱིངས་ལ།། ཉི་ཟླ་གཟའ་སྐར་སྐམ་པ་ལྟ།
26b4 མ་འདྲེས་རིག་པ་དབྱིངས་ལ་གས་ལ།། དེ་ཉིད་མི་གནས་རང་བཞིན་ནི།། ཀུན་འབྱུང་རིན་ཆེན་ཕྱོགས་མེད་ཤར།། འཕེལ་འགྲིབ་རྟོག་པ་མི་གནས་པ།། ཉི་མའི་འོད་ལྟར་ལྷུན་གྲུབ་པ།། ཀུན་ལ་ཇི་ལྟར
26b5 འདོད་པར་འཆར།། མཁའ་ལྟར་གས་ལ་ལ་ཁྱབ་པའི་ཚེ།། མི་རྟོག་དབྱིངས་ཀྱི་ངཔལ་གསལ།། འོད་དང་འོད་ཅན་ཇི་བཞིན་དུ།། མ་བཙལ་ལྷུན་གྱིས་གྲུབ་པའོ།། མ་ཡེངས་ཡལ་བཞག་དགོངས་པའོ།།
26b6 གསལ་མེད་རིག་པའི་གདེང་གིས་ཞི།། སྦྱང་བ་མ་ཡིན་གདོད་ནས་དག། མ་གྲོལ་བླ་མའི་ས་མཆོག་ལ།། དུས་ཅིག་མནན་པས་བགྲོད་དུ་མེད།། ཕྱག་རྒྱ་མི་འཆང་སྔགས་མི་ཟློས།། ཚོགས་དང་མཆོད་པ་མི
iiif viewer powered by OpenSeadragon
26a - 27a