| | e-texts navigator
|
26a1 བ་ལ། ཡཻ་ས་ཉི་མ་ཕྱོགས་མེད་བརྡལ།། ཅི་བཞིན་རང་བཞིན་རྣམ་པར་དྲག། རྒྱ་མཚོ་གཡོ་མེད་ཇི་བཞིན་དུ།། རྣམ་རྟོག་མི་གཡོ་ཙིར་མི་དགོངས།། རང་བྱུང་གསང་བ་ནམཁའ་ཆེ།། མ་ལུས
26a2 གསང་བ་ཉིད་ལ་འདས།། གསང་བ་ཀུན་འདས་རིག་པའི་གཏེར།། མཁའ་ཁྱབ་རིག་པའི་སེམས་ཉིད་ནི།། ཁྱད་པར་གསལ་ལ་འཛིན་པ་མེད།། རང་བྱུང་རིག་པ་རང་ཤར་བ།། ཁྱབ་པར་གསལ་ལ་དངོས་པོ་མེད།
26a3 རང་རིག་གསལ་བའི་ཡིས་ཀྱིས།། མ་སྒྲིབས་གསལ་བ་ཉིད་དུ་མཁྱེན།། རྟོག་མེད་འོད་གསལ་སེམས་ཀྱི་དབྱིངས།། གསང་བ་རང་བྱུང་རིག་པའི་ཀློང་།། རྫོགས་ཆེན་ཐིག་ལེ་ཇི་བཞིན་ལ།། མཉམ་པར
26a4 དགོངས་མེད་རིག་པས་བཞག། བྱུང་ཚོར་གཡོ་འགོག་ཇི་སྙེད་པ།། གསལ་མེད་རིག་པ་ཉིད་ཀྱིས་གསལ།། རྫོགས་ཆེན་མ་བཅོས་དགོངས་པ་ལ།། གང་ལྟར་བཅོས་པ་ལོག་པའི་ལམ།། མ་བཅོས་རིག
26a5 པ་མ་ཏམ་སྦྱོར་ན།། སྒྲོ་བྲལ་རིག་པའི་འཁོར་ལོ་ལས།། ཐུགས་རྗེ་རིག་པའི་བྱིན་བརླབས་ནི།། མ་བཙལ་ཉི་མའི་འོད་ལྟར་འབྱུང་།། གསལ་བ་མཐའ་དབུས་མེད་པ་ལ།། རིག་པ་མཉམ་པའི་སེམས་ཀྱིས་བལྟ
26a6 གཏད་འཛིན་མེད་པའི་རིག་པ་ཡིས།། རང་བྱུང་ལྷག་པར་བཞག་པར་བྱ།། རང་བྱུང་རིག་པ་ཅིར་མི་དགོངས།། རང་གསལ་འཁོར་ལོ་རྒྱུན་མི་འཆད།། ཡིས་བདུན་འབྱུང་བའི་རྒྱུད་ལས། ཡིས་འཁོར་ལོའི
iiif viewer powered by OpenSeadragon
25b - 26b