e-texts navigator
Collection
Volume
Page
Wylie

25b1 རིག་པ་ཆེན་པོ་ལྔ།། ཡེངས་པ་མེད་པས་ཡེ་སངས་རྒྱས།། ཡིས་གསལ་བར་གནས་པ་ཡིས།། ཆེ་མཆོག་བླ་ན་མེད་པའི་ས།། དེས་རྟོགས་ལུང་གིས་དེ་མ་ཐ་ག། རང་བྱུང་བྱིན་བརླབས་ངོ་མཚར
25b2 ཆེ་ག་སལ་བའི་མེ་ལོང་ཐབས་ཀྱི་ཚུལ།། འདུ་ཤེས་བྲལ་བས་རབ་ཏུ་བ་དེ།། ཡིས་བདུན་འབྱུང་བའི་རྒྱུད་ལས། ཡེ་ས་གས་ལ་བྲའི་ལེའུ་སྟེ། ལྔ་བཱའོ།།
25b3 ཀྱི་སེམས་དཔའ་ཆེན་པོ།། རང་བྱུང་རིག་པ་མཆོག་ཉོན་ཅིག། རྡོ་རྗེ་གསང་བ་རང་བྱུང་བ།། རྒྱུ་མེད་རྐྱེན་བྲལ་ཆོས་ཀྱི་སྐུ།། རིག་པའི་འཁོར་ལོ་བསམ་མི་ཁྱབ།། གསང་བའི་འཁོར་ལོ་རྟོགས་པར
25b4 དཀའ་ཡཾས་འཁོར་ལོ་གསང་བའི་ངང་།། ཏིང་འཛིན་གསལ་བའི་མར་མེ་ལ།། བསམ་པའི་འཛིན་པ་ཀུན་དང་བྲལ།། ཀུན་ལ་གནས་ཀྱང་བསམ་དང་བྲལ།། མཁའ་གསལ་མཉམ་པ་རིག་པའི་དཀྱིལ།།
25b5 སྣང་འབྱུང་རིག་པ་འབུམ་ཕྲག་ཡས།། གསལ་ལ་དམིགས་པ་མེད་པས་ན།། བསམ་མེད་དྲན་མེད་མི་གཡོབས།། རྣམ་པར་མི་རྟོགས་མཆོག་གིས་ལུང་།། སྤྱོད་ལམ་རྣམ་བཞིར་མི་གནས་པས།།
25b6 མི་ལྡོ་གོ་ཡིས་ངོ་བོར་གསལ།། སྣང་བ་མི་རྟོགས་ཅིར་མི་ལྟ།། དྲན་བྱུང་རྟོག་པའི་རྗེས་མི་འབྲང་།། མ་བསྐུལ་མ་བརྙོགས་ཆུ་བཞིན་དུ།། མ་བསམས་བཞག་པས་སྒྲིབ་པ་འབྱང་།། མི་རྟོག་མཁའ་ལྟར་གསལ




iiif viewer powered by OpenSeadragon

25a - 26a

Texts on this page

Gbr003.18 - byang chub kyi sems rdzogs pa chen po ye shes bdun 'byung ba'i rgyud